ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པར་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-10-11

ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པར་མཇལ་འཕྲད་གནང་བ།

སྤྱི་ཟླ10བའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པར་སྙིང་ཉེ་བའི་ངང་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཁོ་ཚོར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པར་མ་ཟད། སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ10བའི་ཚེས9ཡིཉིན་པེ་ཅིན་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པར་སྙིང་ཉེ་བའི་ངང་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཁོ་ཚོར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པར་མ་ཟད། སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

  ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་རྩ་འཛུགས་བྱས་ནས་ནང་ལོག་ས་ཁུལ་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་རྣམས་ལ་མེས་རྒྱལ་འཕེལ་རྒྱས་དང་འགྱུར་ལྡོག་གི་རྣམ་པ་བཟང་བོ་ཉམས་སུ་མྱོང་དུ་འཇུག་པ། མི་རིགས་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་བཅས་ཐད་ལ་དོན་སྙིང་གལ་ཆེན་ལྡན་པས། སྲོལ་རྒྱུན་བཟང་བོ་དེ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས་ཟེར།

  ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ལྟ་སྐོར་ཚོགས་པ་དེ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ་རྩ་འཛུགས་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་ཐོག་མ་རེད། ལྟ་སྐོར་ཚོགས་པའི་མི་སྣ་ཚང་མ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་ལ་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་དཔེ་ལེགས་འཐུས་མི་ཡིན་ལ། གཞི་རིམ་དང་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་སྔོན་ཐོན་མི་སྣའང་ཡིན་པས།  ཁོང་གིས་ཚང་མས་ཏང་གི་མི་རིགས་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བཟང་བོ་བྱས་ནས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ལག་ལེན་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། འཕེལ་རྒྱས་ཁྲོད་མང་ཚོགས་སྔར་ལས་མང་པོར་ཁེ་ཕན་དངོས་ཐོབ་པར་བྱེད་དགོས། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ལ་མུ་མཐུད་དུ་སྲུང་སྐྱོབ་བྱས་ནས། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། འདྲ་མཉམ་མཐུན་སྒྲིལ་དང་རོགས་ལས་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཇེ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན།  །

  • ལེ་ཚན་སྔོན་མ།:དམངས་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོང་ཚོགས་པས་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོ
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།