མཚོ་སྔོན་པོའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་བསྟུད་མར་ཇེ་མང་དུ་སོང་།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    མཚོ་སྔོན་གསར་འགྱུར་དྲ་བ།    2013-09-02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་དང་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་མཁས་ཚོགས་པས་ཉེ་སྔོན་མཚོ་སྔོན་པོའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཕྱོགས་བསྡུས་བརྟག་བཤེར་ཚད་ལེན་ལེགས་འགྲུབ་བྱས་ཤིང་། བརྟག་བཤེར་ཚད་ལེན་ལས་མངོན་པ་ལྟར་ན་དགོ་བ་དང་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་འདུས་བའི་མཚོ་སྔོན་པོའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་བསྟུད་མར་ཇེ་མང་ལ་སོང་ཡོད།

ཐེངས་འདིའི་བརྟག་བཤེར་ཚད་ལེན་ཁྲོད་བསྡོམས་པས་ཆུ་བྱའི་བྱ་རིགས་ཁྲི2.7དང་གཅན་གཟན་རིགས4། དགོ་བ271། ཁྲུང་ཁྲུང་སྐེ་ནག108བཅས་ཟིན་ཐོར་བཀོད་པས། བརྟག་བཤེར་ཚད་ལེན་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་ཡོད་པ་དང་། དེས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་ཚན་རིག་ཞིབ་འཇུག་གི་གཞི་རྩའི་གཞི་གྲངས་མཁོ་སྤྲོད་བྱེད་ཐུབ་པ་ལས་གཞན་ཉེ་བའི་ལོ་འགའི་རིང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གནས་བབ་མུ་མཐུད་དུ་ལེགས་བཅོས་བྱུང་བ་མཚོན་ཐུབ། །

  • ལེ་ཚན་སྔོན་མ།:༼ཀན་ལྷོའི་ཉིན་རེའི་གསར་འགྱུར༽བཏོན་ནས་ལོ་འཁོར་༦༠་ལོན་པའི་རྟེན་འབྲེལ་མཛད་སྒོ་དང་རྒྱལ་ཡོངས་ཀྱི་བོད་ཡིག་
  • ལེ་ཚན་རྗེས་མ།:ཙོང་ཆུའི་བཞུར་རྒྱུད་ཀྱི་མུའུ་ཁྲི་བརྒྱའི་མིས་བཟོས་ནགས་ཚལ་རྟེན་གཞི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་རྒྱ
  • དོ་སྣང་ཆེ་བའི་རྩོམ།