ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཀའ་ཁྱབ་སྟེང་མིང་བཀོད་དེ་ལས་ཁུངས་གཉིས་དང་མི་བཞི་ལ་བྱས་རྗེས་བཀོད།

ཀླུ་འབུམ་བྱམས།    མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    2013-08-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་བཀའ་ཁྱབ་སྟེང་མིང་བཀོད་དེ། ལས་ཁུངས་གཉིས་དང་མི་བཞི་ལ་བྱས་རྗེས་བཀོད།

ལས་ཁུངས་ཀྱི་འཛུགས་སྐྲུན་ཐད་ནས་གཟེངས་སུ་ཐོན་པའི་གྲབ་འབྲས་བླངས་པ་དང་ལས་འགན་ཡོངས་འགྲུབ་བྱེད་པའི་ཁྲོད་དུ་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པའི92730དམག་དཔུང་གི་ཡན་ལག་རུ་ཁག་དགུ་བཅུ་བར་བྱས་རྗེས་རིམ་པ་དང་པོ་བཀོད་པ་དང་། 91550དམག་དཔུང་ལ་བྱས་རྗེས་རིམ་པ་གཉིས་པ་བཀོད།

རང་ཉིད་ཀྱི་ལས་གནས་སུ་གྲུབ་འབྲས་གཟེངས་སུ་ཐོན་པ་དང་ལས་འགན་ཡོངས་འགྲུབ་བྱེད་པའི་ཁྲོད་བྱས་རྗེས་མི་དམན་པ་བཞག་པའི19431དམག་དཔུང་ཡུང་ཧྲུའུ་ཅོ་ཆེད་ལས་རུ་ཁག་རྒྱ་མཚོའི་གནམ་གཤིས་ཡན་ལག་རུ་ཁག་གི་མཐོ་རིམ་བཟོ་སྐྲུན་པ་ལིས་ཝུན་པོ་དང་། མཚོ་དམག་ལེའོ་ཉིན་རྟགས་ཅན་གྱི་དམག་གྲུའི་འཕྲུལ་གློག་མགོ་དཔོན་ལིག་ཧྥུའུ་ཆང་། པེ་ཅིན་དམག་ཁུལ་དམག་སྦྱོང་རྟེན་གཞི་ག་གེ་མོའི་མཐོ་རིམ་བཟོ་སྐྲུན་པ་ཀྲང་ཅི་ཞང་གསུམ་ལ་བྱས་རྗེས་རིམ་པ་དང་པོ་བཀོད་པ་དང་། ནན་ཅིན་དམག་ཁུལ་ནན་ཅིན་སྤྱིའི་སྨན་ཁང་གི་སྨན་པ་དཀའ་བཅུ་བ་དབྱི་ཞེའོ་མེན་ལ་བྱས་རྗེས་རིམ་པ་གསུམ་པ་བཀོད།།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ད
  • ལེ་ཚན་རྗེས་མ།:༼ཀན་ལྷོའི་ཉིན་རེའི་གསར་འགྱུར༽བཏོན་ནས་ལོ་འཁོར་༦༠་ལོན་པའི་རྟེན་འབྲེལ་མཛད་སྒོ་དང་རྒྱལ་ཡོངས་ཀྱི་བོད་ཡིག་
  • དོ་སྣང་ཆེ་བའི་རྩོམ།