2013ལོའི་ལྕགས་རྟ་ཞོན་ནས་ཡར་འབྲོག་གཡུ་མཚོར་སྐོར་བའི་ཉམས་ལེན་ཡུལ་སྐོར་ལྷ་སར་སྤེལ།

མིག་དམར་གྱིས་བསྒྱུར།        2013-08-27

ཞིན་ཧྭ་གསར་འགྱུར་ཁང་ལྷ་ནས་ཟླ་བ8པའི་ཚེས19ཉིན་འབྱོར་བའི་གཏམ་གསར། 2013ལོའི་ལྕགས་རྟ་ཞོན་ནས་ཡར་འབྲོག་གཡུ་མཚོར་སྐོར་བའི་ཉམས་ལེན་ཡུལ་སྐོར་དེ་ལྷ་སར་སྤེལ་བ་རེད། འགྲན་བསྡུར་དེ་མིག་སྔར་ཀྲུང་གོའི་ནང་ཁུལ་ས་བབ་ཆེས་མཐོ་བའི་རི་ཁུལ་ལ་ལྕགས་རྟ་ཞོན་ནས་ཉམས་ལེན་ཡུལ་སྐོར་བྱེད་པའི་བྱེད་སྒོ་ཞིག་ཡིན།
    ཐེངས་འདིའི་ཉམས་ལེན་ཡུལ་སྐོར་དེ་ཚེས18ཉིན་འགོ་བཙུགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་བདམས་ཐོ་པ100ལ་ཉེ་བ་ཞིག་ཉིན3རིང་ལ་ལྕགས་རྟ་ཞོན་ནས་སྐོར་བ་རེད། ལོ་ན63ལ་སོན་པའི་བསྟན་འཛིན་ནི་ཐེངས་འདིའི་འགྲན་བསྡུར་ཁྲོད་ཀྱི་ལོ་ན་ཆེས་ཆེ་བ་དེ་ཡིན་ཡང་སྐྱེ་སྟོབས་དཔལ་འབར་བ་ཞིག་འདུག
    བྱེད་སྒོའི་རིང་། གཙོ་གཉེར་བྱེད་མཁན་གྱིས་ད་དུང་ཞིང་འབྲོག་མི་དམངས་ཀྱི་འཁྲབ་སྟོན་པས་རིག་གནས་སྒྱུ་རྩལ་འཁྲབ་སྟོན་བྱེད་པ་དང་ཕྱི་རོལ་དུ་མཉམ་སྤྲོ་སོགས་བྱེད་སྒོ་བཀོད་སྒྲིག་བྱས་པ་རེད། 2013ལོའི་ལྕགས་རྟ་ཞོན་ནས་ཡར་འབྲོག་གཡུ་མཚོ་ལ་སྐོར་བ་བྱེད་པའི་ཉམས་ལེན་ཡུལ་སྐོར་གྱི་འགྲོ་ལམ་ཧྲིལ་པོར་སྤྱི་ལེ148ཡོད་ཅིང་། ལྷོ་ཁ་སྣ་དཀར་རྩེ་རྫོང་ནས་འགོ་བཙུགས་ཏེ་འབྲི་ལུང་དང་ཀོ་པ། ལེན་པ། ཀོ་ལིན་བཅས་གྲོང་གསེབ་བརྒྱུད་དེ་མཐར་སྐོར་བྱས་པ་རེད།
  • ལེ་ཚན་སྔོན་མ།:ལྷ་གྲུའི་འཕུར་གྲུ་ཨང་བཅུ་པའི་མི་སྡོད་འཕུར་གྲུའི་འགན་ཁུར་འཕུར་སྐྱོད་ཚོ་ཆུང་གི་འཕུར་སྐྱོད་པར་བྱ་དགའ་དང
  • ལེ་ཚན་རྗེས་མ།:ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད།
  • དོ་སྣང་ཆེ་བའི་རྩོམ།