མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-08-26
སྤྱི་ཟླ8པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྐབས་ཞེ་བཞི་བའི་ནན་ཏེན་ཀི་ཨར་རྟགས་མ་གནང་བའི་ཚོགས་ཆེན་ལ་ཞུགས་པ་མ་ཟད། ཀྲུང་གོའི་རྟགས་མ་ཐོབ་མཁན་དྲུག་ལ་རྟགས་མ་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་ཞེ་བཞི་བའི་ནན་ཏེན་ཀི་ཨར་རྟགས་མ་གནང་བའི་ཚོགས་ཆེན་ཚེས24ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་ལ་ཞུགས་ཏེ། ཀྲུང་གོའི་རྟགས་མ་ཐོབ་མཁན་དྲུག་ལ་རྟགས་མ་གནང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྟགས་མ་ཐོབ་མཁན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ནད་གཡོག་བྱ་བ་སྒྲུབ་མཁན་དང་རྒྱ་གྲམ་དམར་པོའི་བྱ་བ་སྒྲུབ་མཁན་དང་དང་བླངས་པ་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།
ད་ལོར་རྒྱལ་ཁབ16གི་ནད་གཡོག་བྱ་བ་སྒྲུབ་མཁན་སོ་གཉིས་ལ་སྐབས་འདིའི་ནན་ཏེན་ཀི་ཨར་རྟགས་མ་ཐོབ་པ་དང་། དེའི་ནང་དུ་ཀྲུང་གོའི་ནད་གཡོག་བྱ་བ་སྒྲུབ་མཁན6ཡོད།
རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གིས་རྟགས་མ་གནང་བའི་ཚོགས་ཆེན་སྟེང་གཏམ་བཤད། ཁོས་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པ་བཙུགས་ཏེ་ལོ་བརྒྱ་ལྷག་གི་རིང་ལ་དོན་ཆེན་དང་དོན་དངོས། དགེ་བའི་ལས་མང་པོ་བསྒྲུབས་མྱོང་། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ནང་ཁུལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ནང་ཁུལ་གྱི་དོ་དམ་འཐུས་ཚང་དུ་གཏོང་བ། ཆ་འཕྲིན་ཡོངས་སྒྲོག་ལ་ཤུགས་སྣོན་པ། སྤྱི་ཚོགས་ཀྱི་ལྟ་རྟོག་དང་དུ་ལེན་པ་བཅས་བྱས་ཏེ་ཡོངས་སྒྲོག་དང་མངོན་གསལ། སྤྱོད་གཙང་། ཕན་མཐོ་བཅས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པ་འཛུགས་སྐྲུན་བྱེད་དགོས་ལ། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་རྩ་འཛུགས་དང་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པའི་བར་གྱི་བརྗེ་རེས་དང་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ལས་དོན་གོང་འཕེལ་དུ་གཏོང་དགོས་ཟེར།
ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་ཧྭ་ཅན་མེན་གྱིས་ཚོགས་འདུའི་སྟེང་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པའི་ལག་བསྟར་ནུས་ཤུགས་དང་ཡིད་རྟོག་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། ཞལ་འདེབས་འབུལ་མཁན་གྱི་སྤྱི་ཚོགས་སྟེང་གི་མི་རྣམས་ཀྱི་རྒྱུས་ལོན་དབང་ཆ་དང་ལྟ་རྟོག་དབང་ཆར་དངོས་སུ་འགན་སྲུང་བྱས་ཏེ། སྤྱི་ཚོགས་ཡོངས་སུ་དྲང་བདེན་དར་སྤེལ་དང་བརྩེ་སེམས་བརྒྱུད་སྤེལ་བྱེད་དགོས་ཞེས་བཤད།
ཚོགས་ཆེན་ལ་ཞུགས་པའི་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པིས་ཏི་མོ་ལེ་ཨར་གྱིས་གཏམ་བཤད་སྐབས་རྟགས་མ་ཐོབ་མཁན་རྣམས་ཀྱིས་མི་ཆོས་འགུལ་སྐྱོད་དང་མི་ཆོས་ལྟ་བ་སྤྱི་ཚོགས་སྟེང་དུ་ཁྱབ་གདལ་དང་གོང་འཕེལ་དུ་བཏང་བའི་དམིགས་བསལ་བྱས་རྗེས་ལ་གཟེངས་བསྟོད་བྱས།
ནན་ཏེན་ཀི་ཨར་རྟགས་མ་ནི་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་བཙུགས་པའི་ནད་གཡོག་ལས་རིགས་ཀྱི་རྒྱལ་སྤྱིའི་སྟེང་གི་ཆེས་མཐོ་བའི་གཟི་བརྗིད་རྟགས་མ་ཡིན་ལ། རང་རྒྱལ་གཅིག་སྟོང་དགུ་བརྒྱ་གྱ་གསུམ་ལོར་ཐེངས་དང་པོར་སྐབས29བའི་ནན་ཏེན་ཀི་ཨར་རྟགས་མའི་དཔྱད་སྡུར་ལ་ཞུགས་རྗེས། སྔ་གཞུག་ཏུ་ཕུལ་བྱུང་ནད་གཡོག་བྱ་བ་སྒྲུབ་མཁན་རེ་བརྒྱད་ལ་གཟི་བརྗིད་ཀྱི་རྟགས་མ་དེ་ཐོབ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10