རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-03-10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་ཚེས7ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས།
 ཨུ་ཡོན་བཅུ་དྲུག་གིས་དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བརྗོད་དོན་ལ་དམ་པོར་དམིགས་ཏེ་ཚོགས་ཆེན་སྟེང་གཏམ་བཤད། ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཏུའུ་ཆིན་ལིན་དང་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝན་ཀང་། ཀྲང་ཆིན་ལིས། ཁྲིན་ཡོན། ཝང་ཅ་རོས། ཁྲིན་ཞའོ་ཀོང་། ལིག་ཞའོ་ཧྥིན་བཅས་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིན་ཅི་ཧྭ་དང་ཧན་ཆི་ཏི། ལོ་ཧའོ་ཚེ། ལིས་ཧེ་ཧྥིན། སུའུ་རོང་། ལུའུ་ཀྲན་གུང་། ཀྲིག་ཞའོ་ཁྲོན། ཝང་ཀྲིན་ཝེ། མཱ་པེའོ། ཆི་ཞུའུ་ཁྲུན། མཱ་ཕེ་ཧྭ། ཝང་ཆན་མེན་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡཱང་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་ཚོགས་འདུར་ཞུགས་ནས་གཏམ་བཤད་ལ་ཉན་པ་དང་ཝན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཨུ་ཡོན་ཆན་ཁི་མེན་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་ནི་ཆེས་གཞི་རྩར་གྱུར་བའི་དཔལ་འབྱོར་གྱི་འོས་འགན་ཡིན་པར་མ་ཟད་ཆབ་སྲིད་ཀྱི་འོས་འགན་ཀྱང་ཡིན་པས། འབྲུ་རིགས་ཐོན་སྐྱེད་བྱེད་པའི་ཐད་ནས་དོན་དག་གཅིག་ཀྱང་འབྱུང་མི་རུང་བ་དང་འབྲུ་རིགས་བདེ་འཇགས་ཐད་ཀྱི་འཐབ་ཇུས་ནམ་ཡང་ལྷོད་མི་རུང་ལ། ཀྲུང་གོ་བའི་དཀར་ཡོལ་དེ་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ཞེས་བསྟན་པ་དང་དེར་མཐུད་ནས་ཨུ་ཡོན་ཝང་ཀོང་ཆན་དང་མཱ་ཝེ་ཧྭ། བསོད་ནམས་རྡོ་རྗེ་སོགས་ཀྱིས་རེ་རེ་བཞིན་གཏམ་བཤད།  །

  • ལེ་ཚན་སྔོན་མ།:ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུ་སྐོང་འཚོགས་བྱས་པ།
  • ལེ་ཚན་རྗེས་མ།:ལྷ་སའི་ཆུ་ཤུར་རྫོང་གི་བོད་རིགས་མང་ཚོགས་ཀྱིས་ཞིང་རྨོ་འགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།