བདེ་ཆེན་ཁུལ་གྱིས་མི་དམངས་ལ་ཕན་པའི་ལས་དོན་དངོས་བཅུ་ལག་བསྟར་བྱ་རྒྱུ་ཡིན་པ།
དབྱངས་ཅན་ལྷ་མོ། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2014-03-07
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། གསར་འགོད་པས2014ལོར་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ལས་ཀའི་གྲོས་ཚོགས་ནས་ཤེས་གསལ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་བརྟན་པོར་སྤེལ་བ་དང་། མང་ཚོགས་ཀྱི་འགྲོ་འོང་དཀའ་གནད་དོན་དངོས་སུ་ཐག་གཅོད་བྱེད་ཆེད། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས“2014ལོའི་མི་དམངས་ལ་ཕན་པའི་ལས་དོན་དངོས་བཅུ”ལག་བསྟར་བྱ་རྒྱུ་རེད།
“2014ལོའི་མི་དམངས་ལ་ཕན་པའི་ལས་དོན་དངོས་བཅུ”ནི། སྒྲིག་གཞི་ཚང་བའི་གྲོང་སྡེ33གྱི་གཞུང་ལམ་སྤྱི་ལེ240ལ་སྲ་འགྱུར་ཨར་ལས་ལག་བསྟར་བྱ་རྒྱུ་དང་། ཐག་ཤུད་བསྒྱུར་ནས་ཟམ་པ16སྨི1389འཛུགས་པའི་རྣམ་གྲངས་ལག་བསྟར་བྱ་རྒྱུ། ཆོས་ལུགས་བྱེད་སྒོ་སྤེལ་སའི་གཞུང་ལམ་སྲ་འགྱུར་སྤྱི་ལེ26ལ་ལག་བསྟར་བྱ་རྒྱུ། བདེ་ཆེན་གཏན་འཇགས་སྲུང་སྐྱོང་བཅའ་སྡོད་དམག་དཔུང་ཕྱིར་གཏོང་ནང་འདྲེན་གྱི་ལམ་ཆེན་སྤྱི་ལེ6འཛུགས་སྐྲུན་བྱ་རྒྱུ། གྲོང་གསེབ་དང་ཤང་གྲོང་གི་འགྲུལ་སྐྱེལ་ས་ཚིགས6དང་། སྒྲིག་གཞི་ཚང་བའི་གྲོང་སྡེར་འཁོར་ལོ་སྐབས་འཕྲལ་དུ་མཚམས་འཇོག་ས75འཛུགས་སྐྲུན་བྱ་རྒྱུ། ཤང་གྲོང་གི་གྲུ་གཟིངས55ལ་བསྒྱུར་བཀོད་བྱས་ནས། ཆུ་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་ཆུ་ཚད་ཇེ་མཐོར་གཏང་རྒྱུ། སེམས་ཀྱི་ཉི་ཟླའི་གླ་གཏོང་རླངས་འཁོར260ལ་རིན་གོང་བརྩི་ཆས་ལྷུ་སྒྲིག་བྱ་རྒྱུ་དང་། གྲོང་གསེབ་ལམ་སྐྱོང་གི་དཔེ་སྟོན་ལམ་སྤྱི་ལེ854འཛུགས་སྐྲུན་བྱས་ནས་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་ཡིན་ལ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་གླ་གཏོང་རླངས་འཁོར། ཆུ་ལམ་འགྲུལ་ཟོག་ལ་སོགས་པའི་འབར་སྣུམ་ཁ་གསབ་སྒོར་ཁྲི
3000ཡན་དོན་འཁྱོལ་བྱ་རྒྱུ་རེད།
“2014ལོའི་མི་དམངས་ལ་ཕན་པའི་ལས་དོན་དངོས་བཅུ”སོགས་ལག་བསྟར་བྱེད་པ་བརྒྱུད་ནས། རིམ་ལྡན་གཞུང་ལམ་གྱི་འཛུགས་སྐྲུན་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས། ཐག་ཤུད་བསྒྱུར་ནས་ཟམ་བཟོའི་རྣམ་གྲངས་སྤེལ་ཏེ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་གཞི་ཁྱོན་རྒྱ་ཆེར་གཏོང་ཞིང་། གཞི་རིམ་གྱི་འགྲོ་འོང་སྤུས་ཚད་ཇེ་མཐོར་གཏོང་བ་དང་། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ལེགས་བཅོས་བྱས་ཏེ། འགྲུལ་སྐྱེལ་གྱི་ཚད་ལྡན་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་། མང་ཚོགས་ཀྱི་འགྲོ་འོང་སྟབས་བདེ་རུ་འཇུག་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་གཅིག་དྲིལ་དུ་སྐུལ་སྤེལ་བྱ་རྒྱུ་རེད།