བོད་ལྗོངས་འཕྲིན་དྲ། 2013-08-07
སྤྱི་ཟླ8པའི་ཚེས3ཉིན། སྐབས་གསུམ་པའི་བོད་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་བྱེད་སྒོ་དེ་ནོར་བུ་གླིང་ཁའི་ནང་སྤེལ་བ་དང་། བྱེད་སྒོའི་ཐོག་ཕུལ་བྱུང་གི་ཐང་ག་འབྲི་བཞེངས་མཁན89ཡི་བརྩམས་ཆོས230ཙམ་འགྲེམས་སྟོན་བྱས་ཡོད་པ་རེད། ཐང་གའི་སྒྱུ་རྩལ་ནི་བོད་མི་རིགས་ཀྱི་མཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཞིག་ཡིན་པ་དང་དེར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད་པས། ད་ལྟའི་ཆར་བོད་རིགས་རིག་གནས་ཀྱི་མིང་བྱང་ལྟ་བུར་འགྱུར་ཡོད་པ་མ་ཟད། རྒྱལ་སྤྱི་རྒྱལ་ནང་གི་རིག་གནས་གར་སྟེགས་ཐོག་མིང་གྲགས་ངེས་ཅན་ཐོབ་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10