གཞུང་ཞབས་པའི་རྒྱུགས་ལེན་མི་གྲངས་ཇེ་ཉུང་དུ་སོང་།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2014-12-01

སྤྱི་ཟླ11པའི་ཚེས30ཉིན་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི་གཞུང་ཞབས་པ་བསྡུ་ལེན་གྱི་ཡིག་རྒྱུགས་ལེན་འགོ་ཚུགས་པ་རེད། སྡོམ་རྩིས་བྱས་པ་ལྟར་ན་ཐེངས་འདིའི་རྒྱུགས་ལེན་ནང་ཁྱོན་སྡོམ་མི་ས་ཡ་གཅིག་དང་བཞི་འབུམ་ཆིག་ཁྲི་བསྡུ་ལེན་ལས་ཁུངས་ཀྱི་ཐོབ་ཐང་ཞིབ་བཤེར་ཐོབ་པ་དང་། མི་དགུ་འབུམ་ལྷག་རྒྱུགས་ལེན་ཁྲོད་ཞུགས་ཀྱང་རྒྱུགས་ལེན་གྱི་མི་གྲངས་ལོ་རྒྱུས་ཀྱི་ཡང་རྩེར་སོན་ཡོད། འོན་ཀྱང་མིང་ཐོ་བཀོད་པ་དང་དོན་དངོས་ཀྱི་རྒྱུགས་ལེན་ནང་ཞུགས་པའི་མི་གྲངས་གཉིས་ཇེ་ཉུང་དུ་སོང་ཞིང་། རྒྱུགས་ལེན་པས་མིང་ཐོ་འགོད་པའང་སྔར་བས་རང་ཚོད་ཟིན་ཡོད་པ་རེད། 
  • ལེ་ཚན་སྔོན་མ།:ཀྲུང་དབྱང་གི་ཕྱི་འབྲེལ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
  • ལེ་ཚན་རྗེས་མ།:ད་ལོའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་ཚན་ཆུང་བཅུ་གསུམ་པོ་སྐོར་ཞིབ་བྱེད་སའི་ལས་ཁུངས་ཁག་ཏུ་འབྱོར།
  • དོ་སྣང་ཆེ་བའི་རྩོམ།