མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-07-31
སྤྱི་ཟླ7པའི་ཚེས29ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་རླངས་འཁོར་ལ་བཞུགས་ཏེ་པེ་ཅིན་དམག་ཁུལ་དུ་ཕེབས་ནས་དམག་ཁུལ་ལས་ཁུངས་ཀྱི་ཐོན་རིམ་པ་ཡན་གྱི་ལས་བྱེད་པར་བརྩེ་བའི་ཐུག་འཕྲད་གནང་།
སྤྱི་ཟླ7པའི་ཚེས29ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་རླངས་འཁོར་ལ་བཞུགས་ཏེ་པེ་ཅིན་དམག་ཁུལ་དུ་ཕེབས་ནས་དམག་ཁུལ་ལས་ཁུངས་ཀྱི་ཐོན་རིམ་པ་ཡན་གྱི་ལས་བྱེད་པ་དང་མཉམ་དུ་གླེང་མོལ་མཛད།
བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་དམག་ཁུལ་ལས་ཁུངས་ལ་ཕེབས་ཏེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་དམག་ཁུལ་གྱི་དཔོན་དམག་རྣམས་ལ་བརྩེ་བའི་འཚམས་འདྲི་མཛད་པར་མ་ཟད། དམག་དཔུང་ཡོངས་ཀྱི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམངས་དམག་གྲ་སྒྲིག་དམག་མི་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། ཏང་གི་གནས་བབ་གསར་བའི་འོག་གི་སྟོབས་ལྡན་དམག་དཔུང་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ། དམག་དཔུང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་མུ་མཐུད་དུ་འགན་འཁྲི་དང་ལས་འགན་ལག་བསྟར་བྱེད་པའི་ནུས་པ་ཇེ་ཆེར་བཏང་ནས། ཏང་དང་མི་དམངས་ཀྱིས་གནང་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཟེར།
ཚེས29ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་རླངས་འཁོར་ལ་བཞུགས་ཏེ་པེ་ཅིན་དམག་ཁུལ་དུ་ཕེབས་ནས་དམག་ཁུལ་ལས་ཁུངས་ཀྱི་ཐོན་རིམ་པ་ཡན་གྱི་ལས་བྱེད་པར་བརྩེ་བའི་ཐུག་འཕྲད་གནང་བར་མ་ཟད། དཔོན་དམག་གི་ཉལ་ཁང་སོགས་ལ་ཕེབས་ནས་ཁོ་ཚོའི་བྱ་བ་དང་འཚོ་བ། སློབ་སྦྱོང་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཞི་ཅིན་ཕེན་གྱིས་ཚང་མས་རང་ཉིད་སྦྱོང་བརྡར་བྱེད་པར་གཅེས་སྤྲས་བྱེད་པ་དང་། མི་ཚེའི་ཕུགས་བསམ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་དགོས་ལ། ལས་གནས་ཀྱི་འགན་ནུས་ཇེ་ཆེར་གཏོང་བ་དང་རང་རང་གི་བྱ་བ་ནན་ཏན་སྒོས་བསྒྲུབ་ནས་སྟོབས་ལྡན་དམག་དཔུང་གི་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།
རྟོག་ཞིབ་མཛད་སྐབས་ཞི་ཅིན་ཕེན་གྱིས་པེ་ཅིན་དམག་ཁུལ་གྱི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད། དམག་ཁུལ་གྱི་དམག་དཔུང་གིས་ཉེ་བའི་ལོ་འགའི་རིང་ལ་འཛུགས་སྐྲུན་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། པེ་ཅིན་དམག་ཁུལ་དེ་རྒྱལ་སའི་དམག་ཁུལ་ཡིན་པའི་ཆ་ནས་གོ་གནས་ཀྱི་ནུས་པ་དམིགས་བསལ་ཡིན་པ་དང་འགན་འཁྲིའི་ལས་འགན་དམིགས་བསལ་ཡིན་ལ། གནས་པའི་ཁོར་ཡུག་དམིགས་བསལ་ཡིན་པས། ངེས་པར་དུ་དམག་དཔུང་གིས་རྦད་ཆོད་སྒོས་ཏང་གི་བཀོད་འདོམས་ལ་ཉན་པ་དང་བློ་དཀར་ཞིང་ཡིད་རྟོན་རུང་བར་འགན་སྲུང་བྱེད་པ་དང་། ངེས་པར་དུ་འགན་འཁུར་དང་འགན་འཁྲི་ལག་བསྟར་བྱེད་དགོས་པར་མ་ཟད། ངེས་པར་དུ་དམག་དཔུང་གི་དམག་འཐབ་ཆུ་ཚད་ཇེ་མཐོར་གཏོང་བ་དང་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱ་ཆེའི་དཔོན་དམག་ལ་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་པ་དང་ལྷག་པར་དུ་འབྲིང་རིམ་དང་མཐོ་རིམ་མགོ་ཁྲིད་ལས་བྱེད་པས་རང་རྟོགས་སྒོས་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་བ་མེད་པར་བྱེད་པ། ཆབ་སྲིད་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་ཏེ། དུས་ནམ་ཞིག་དང་གནས་ཚུལ་ག་འདྲའི་འོག་ཏུ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་གཅིག་གྱུར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀོད་འདོམས་ལ་ཉན་དགོས། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ། དམག་དཔུང་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལས་འགན་གལ་ཆེན་ཞིག་ནི་སྟོབས་ལྡན་དམག་དཔུང་དམིགས་འབེན་གྱི་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་ཤུགས་ཚད་ཇེ་ཆེར་བཏང་ནས། སྟོབས་ལྡན་དམག་དཔུང་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་དེ་དམག་དཔུང་འཛུགས་སྐྲུན་གྱི་བརྒྱུད་རིམ་ཡོངས་དང་ཁྱབ་ཁོངས་ཡོངས་སུ་མཚོན་པར་བྱེད་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10