ཞི་ཅིན་ཕེན་གྱིས་ཧུའུ་པེ་ཞིང་ཆེན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་བྱ་བར་རྟོག་ཞིབ་མཛད་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-07-25

ཞི་ཅིན་ཕེན་གྱིས་ཧུའུ་པེ་ཞིང་ཆེན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་བྱ་བར་རྟོག་ཞིབ་མཛད་པ།

ཟླ་བདུན་པའི་ཚེས་ཉེར་གཅིག་ནས་ཉེར་གསུམ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧུའུ་པེ་ནས་བཅོས་སྒྱུར་སྒོ་ཀུན་ནས་ཇེ་ཟབ་ཏུ་སྤེལ་བའི་གནད་དོན་དང་ད་ལྟའི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛད། འདི་ནི་ཟླ་བདུན་པའི་ཚེས་ཉེར་གཉིས་ཀྱི་ཕྱི་དྲོར། ཞི་ཅིན་ཕེན་ཨི་ཀྲིག་གྲོང་ཁྱེར་ཁྲང་ཀང་གྲོང་བརྡལ་ཐུང་ཧྲན་སྡེ་བར་ཕེབས་ཏེ། མཁར་གྲོང་གཞི་གཅིག་ཏུ་བསྒྱུར་བའི་གནས་ཚུལ་ལ་རྒྱུས་ལོན་དང་། སྡེ་དམངས་ཁ་ཤས་དང་གླེང་མོལ་བྱེད་པའི་ཚུལ་རེད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བདུན་པའི་ཚེས་ཉེར་གཅིག་ནས་ཚེས་ཉེར་གསུམ་ཉིན་བར་ཧུའུ་པེ་ནས་བཅོས་སྒྱུར་སྒོ་ཀུན་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་དང་ད་ལྟའི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་བཅོས་སྒྱུར་སྒོ་ཀུན་ནས་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན་པས། ངེས་པར་དུ་བཅོས་སྒྱུར་དང་གསར་སྐྲུན་གྱི་སྙིང་སྟོབས་དེ་རྟག་ཏུ་རྒྱལ་བཅོས་སྲིད་སྐྱོང་གི་བརྒྱུད་རིམ་ཁག་ཏུ་ལག་བསྟར་བྱས་ཏེ། དཔལ་འབྱོར་རྒྱུུན་སྲིང་དང་སྐྱོན་བྲལ་ངང་གོང་དུ་སྤེལ་བར་ཡར་སྐུལ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་ལ་ཕབ་པའི་འབད་འཐབ་དམིགས་འབེན་དང་བྱ་བའི་བཀོད་སྒྲིག་མངོན་འགྱུར་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།
དབྱར་དུས་ཀྱི་ཧུའུ་པེ་ས་ཁུལ་གྱི་ག་ས་ཀུན་ཏུ་སྐྱེ་སྟོབས་རྒྱས་ཤིང་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག
ཞི་ཅིན་ཕེན་ཧུའུ་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཧོང་ཀྲུང་དང་ཧྲིན་ཀྲང་ཝང་གོ་ཧྲིན་གཉིས་དང་ལྷན་དུ་ཝུའུ་ཧན་དང་། ཨི་ཀྲིག་སོགས་ས་ཁུལ་གྱི་གྲུ་ཁ་དང་ཁེ་ལས། གྲོང་གསེབ། སྡོད་ཁུལ་བཅས་སུ་ཕེབས་ཏེ། ཡུལ་དངོས་ནས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་། བཅོས་སྒྱུར་སྒོ་ཀུན་ནས་གཏིང་ཟབ་ཏུ་སྤེལ་བའི་བསམ་འཆར་དང་གྲོས་གཞི་ལ་ཉན།ཞི་ཅིན་ཕེན་གྱིས་ཧུའུ་པེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་རྗེས། ཧུའུ་པེ་ཞིང་ཆེན་གྱི་ཉེ་བའི་ལོ་འགའི་བྱ་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་ཧུའུ་པེ་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཔལ་འབྱོར་འཕར་སྟངས་བསྒྱུར་བ་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཐད་ནས་གྲུབ་འབྲས་ལེན་པར་བརྩོན་ལེན་དང་། ཞིང་ཆེན་དེང་རབས་ཅན་དུ་བསྒྱུུར་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་། དམངས་འཚོ་ལེགས་བཅོས་བྱེད་པའི་ཐད་ནས་ཕན་འབྲས་གསར་བ་ལེན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་གསར་བ་ལེན་པར་འབད་བརྩོན་བྱས་ཏེ། ཧུའུ་པེ་ཡིས་དཔལ་འབྱོར་ཇེ་བཟང་དང་། གྲུབ་ཚུལ་ཇེ་ལེགས། སྤུས་ཚད་སྔར་ལས་མཐོ་བ། སྟོབས་ཤུགས་སྔར་ལས་འཛོམ་པར་བྱེད་དགོས་པའི་ཐུགས་རེ་བཏོན་པར་མ་ཟད། ཧུའུ་པེ་ཡིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་དམ་འཛིན་བྱེད་དགོས་པའི་ཐུགས་རེ་བཏོན།

  • ལེ་ཚན་སྔོན་མ།:འཛམ་གླིང་སྟེང་ཆེས་རིང་བའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་ཞོ་སྟོན་སྟེང་འགྲེམ་རྒྱུ་རེད།
  • ལེ་ཚན་རྗེས་མ།:མ་ཎི་རྡོ་འབུམ་རོལ་ཚོགས་ཀྱི་རྒྱལ་ཡོངས་སྐོར་བསྐྱོད་འཁྲབ་སྟོན་ཐོག་མ་པེ་ཅིང་དུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།