རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུའུ་གཉིས་ཀྱིས་ཀན་སུའུ་ཞིང་ཆེན་གྱི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་བྱས་པ།

བདེ་སྐྱིད་འཚོ།    མཚོ་སྔོན་གསར་འགྱུར་དྲ་བ།    2013-07-17

རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་དང་། དམངས་སྲིད་པུའུ་གཉིས་ཀྱིས་ཉེ་ལམ་ཀན་སུའུ་ཞིང་ཆེན་ལ་དྲག་ཆར་བབས་ནས་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་དམིགས་ནས།  གནོད་ཐེབས་ས་ཁུལ་དུ་བྱ་བའི་ཚན་ཆུང་མངགས་ཏེ་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་གནོད་སེལ་བྱ་བ་སྤེལ་བར་མཛུབ་སྟོན་བྱས།ཀན་སུའུ་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  ཟླ་བདུན་པའི་ཚེས་བདུན་ཉིན་གྱི་ཚུན་ལ།  ཀན་སུའུ་ཞིང་ཆེན་དུ་བྱུང་བའི་དྲག་ཆར་ཆེན་པོས་ཐེན་ཧྲོས་དང་། ཆིན་དབྱང་། ལོང་ནན་སོགས་གྲོང་ཁྱེར་དང་ཁུལ་བཅུ་དང་རྫོང་ཞེ་བཞིའི་མི་འབུམ་དགུ་དང་ཁྲི་གཉིས་སྟོང་བརྒྱད་ལྷག་ལ་གྱོང་གུད་ཐེབས། དྲག་ཆར་ཁྲོད་དུ་མི་བརྒྱད་ཚེ་ལས་འདས་པ་དང་།  མི་དྲུག་གར་སོང་ཆ་མེད་དུ་གྱུར།  ད་ལྟའི་བར་དུ་མི་འབུམ་གཅིག་དང་སྟོང་དྲུག་ལྷག་གནས་སྤར་བ་མ་ཟད་ཁོ་ཚོའི་འཚོ་བར་བཀོད་སྒྲིག་བྱས་པ་དང་།  གནོད་འཚེའི་ཁྲོད་དུ་ཁང་བ་གྱན་ཁྲི་གཅིག་དང་སྟོང་གསུམ་ལྷག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཟེར།གནོད་འཚེ་བྱུང་རྗེས།  ཀན་སུའུ་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་། ཀན་སུའུ་ཞིང་ཆེན་གནོད་སེལ་ཨུ་ཡོན་ལྷན་ཁང་དང་ཀན་སུའུ་ཞིང་ཆེན་དམངས་སྲིད་ཐིན་གཉིས་ཀྱིས་མྱུར་དུ་མ་དངུལ་སྒོར་མོ་ས་ཡ་དྲུག་དང་། སྦྲ་གུར་སྟོང་གསུམ་ལྷག  མལ་ཐུལ་ཁྲི་གཅིག་དང་ལྔ་བརྒྱ་ལྷག་གྲ་སྒྲིག་བྱས་ནས།  གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་གནས་སྐབས་ཀྱི་འཚོ་བའི་རྒུད་སྐྱོབ་བྱེད་པའི་བྱ་བ་བཟང་བོར་བསྒྲུབས།

  • ལེ་ཚན་སྔོན་མ།:2013ལོའི་ལྷ་སའི་ཞོ་སྟོན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས།
  • ལེ་ཚན་རྗེས་མ།:ཀྲུང་གོ་རྒྱ་གྲམ་དམར་པོ་ཐེབས་རྩ་ཚོགས་པས་བོད་ལྗོངས་ཉིང་ཁྲི་ནས་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།