ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མས་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་འབྲི་བའི་ལག་བྲིས་ཚགས་པར་འགྲེམ་སྟོན་བྱས།

སྐལ་བཟང་ཐུབ་བསྟན།        2013-07-02

ཟླ་བ6པའི་ཚེས29ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར92སོང་བར་དགའ་བསུ་ཞུ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་བྱས་རྗེས་ལ་བསྟོད་བསྔགས་བྱས་ཤིང་ཀྲུང་གོ་གུང་ཁྲན་ཏང་བཟང་བ་དང་། སྤྱི་ཚོགས་རིང་ལུགས་བཟང་བ། བཅོས་བསྒྱུར་སྒོ་འབྱེད་བཟང་བ། རླབས་ཆེན་མེས་རྒྱལ་བཟང་བ། མི་རིགས་ཁག་གི་མི་དམངས་བཟང་བ་བཅས་ཀྱི་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་པའི་ཆེད་དུ་དཀར་མཛེས་ཁུལ་ཨུའི་སློབ་གསོའི་ལས་དོན་ཨུ་ལྷན་དང་སློབ་གསོ་ཅུས་ཀྱིས་གཙོ་གཉེར་བྱེད་པའི་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མས་དཀར་མཛེས་ཁུལ་གྱི་བུ་དང་བུ་མོའི་བློ་སེམས་ཏང་ལ་གཏད། བློ་སེམས་གཅིག་མཐུན་བྱས་ནས་ཀྲུང་གོའི་ཕུགས་འདུན་རིས་སུ་འགོད་ཅེས་པའི་བརྗོད་བྱ་བྱེད་པའི་ལག་བྲིས་ཚགས་པར་འགྲེམ་སྟོན་བྱས་པ་རེད།
    ཐེངས་འདིའི་འགྲེམ་སྟོན་ནང་དུ་ཁུལ་ཡོངས་ཀྱི་རྫོང་ཁག18སློབ་མས་སྒྲིག་བཟོ་བྱེད་པའི་ལག་བྲིས་ཚགས་པར4600ལྷག་གི་ནང་ནས་ཆེས་བཟང་བ180བདམས་ནས་འགྲེམ་སྟོན་བྱས་པ་རེད། བརྩམས་ཆོས་ཚང་མའི་བརྗོད་དོན་གསལ་ཞིང་། ཇུས་འགོད་གསར་ལ། པར་རིས་དང་ཡིག་རིས་ཟུང་དུ་འབྲེལ་བའི་སྒོ་ནས་རང་ཁུལ་གྱི་སློབ་མ་ཁྲི་སྟོང་མང་པོས་རླབས་ཆེན་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་། འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་ལང་ཚོའི་ཕུགས་འདུན་མངོན་པར་མཚོན་པ་རེད། 
  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་ཐོག་མའི་བོད་རྒྱ་ཤན་སྦྱར་གྱི་ལུས་རྩལ་རྒྱན་འཛིན་མཚོ་སྔོན་དུ་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བདུན་པའི་ཐོག་གསུང་བཤད་གནང་
  • དོ་སྣང་ཆེ་བའི་རྩོམ།