མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-12-23
ཟླ12པའི་ཚེས20ཉིན་གྱི་སྔ་དྲོར།མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་བསྒྲུབས་བྱས་པ་དང་།མཚོ་ནུབ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་མི་རིགས་རིག་གནས་ཡར་སྐུལ་ལྷན་ཚོགས།ཁུ་ནུ་ཆེན་པོ་ཞེས་པའི་དུས་དེབ་ཁང་བཅས་ཀྱིས་སྒྲུབ་འགན་ཁུར་བའི་ཁུ་ནུ་ཆེན་པོའི་རིག་གནས་མཐོ་རིམ་གྲོས་ཚོགས་ཐེངས་དང་པོ་མཚོ་ནུབ་ཁུལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་ནས་ཚོགས་མགོ་བརྩམས།ཀོས་ཀྲིག་དང་ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་ཉི་ཤུའི་ཀྲུང་གོའི་སྙན་ངག་པ་གྲགས་ཅན་དང་རིག་གནས་པ།ཁུ་ནུ་རིག་གནས་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་བཅས་ལྷན་དུ་འཛོམས་ནས།ཁུ་ནུ་རིག་གནས་ཐད་ནས་དཔྱད་གླེང་སྤེལ།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མ་ཅ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།
ཅི་ཏིས་མ་ཅ་ཡིས་བཤད་རྒྱུར།ཐེངས་འདིར་ཁུ་ནུ་ཆེན་པོའི་རིག་གནས་མཐོ་རིམ་གྲོས་ཚོགས་བསྡུས་པའི་དམིགས་ཡུལ་ནི་ཚོགས་ཞུགས་ཆེད་མཁས་པ་དང་རིག་གནས་པའི་བར་འབྲེལ་འདྲིས་དང་མཉམ་ལས་བྱས་ཏེ།རིག་གཞུང་ཚན་ཁག་མི་གཅིག་པས་ཁུ་ནུ་ཆེན་པོའི་རིག་གནས་ལ་ཞིབ་འཇུག་དང་རྒྱུད་སྤེལ།བེད་སྤྱོད་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་།མི་སྣ་སྔར་ལས་མང་པོས་ཁུ་ནུ་རིག་གནས་ལ་མཐོང་ཆེན་བྱེད་པར་སྐུལ་མ་གཏོང་རྒྱུ་དེ་རེད།ཕྱིན་ཆད་བྱ་འགུལ་དེ་སྔར་ལས་བཟང་བོར་བསྒྲུབ་སྟེ་རྒྱལ་སྤྱི་ཅན་དུ་བསྒྱུར་བ་དང་།གཞི་ཁྱོན་སྔར་ལས་ཆེ་ཞིང་ནང་དོན་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བ།མཚན་སྙན་སྔར་ལས་རྒྱ་བསྐྱེད་རྒྱུ་ཡིན་ཟེར།
གྲོས་ཚོགས་སྟེང་ད་རུང་ཁུ་ནུ་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་སུ་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་ཆེད་མཁས་པ་དང་རིག་གནས་པར་གཟེངས་བསྟོད་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10