རང་རྒྱལ་གྱི་ས་གནས་ཁག་ཏུ་ཟླ་མཆོད་དུས་ཆེན་དགའ་གཏོང་བྱེད་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-09-23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ9བའི་ཚེས19ཉིན་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་ཟླ་མཆོད་དུས་ཆེན་ཡིན་པ་དང་། ས་གནས་ཁག་གི་མང་ཚོགས་ནས་ནང་མི་མཉམ་འཛོམས་བྱས་ཏེ། ཕུན་སུམ་ཚོགས་ལ་ངོ་མཚར་ཆེ་བའི་ཟླ་མཆོད་དུས་ཆེན་དགའ་གཏོང་བྱས་ཡོད་པ་རེད། པེ་ཅིན་གྱི་གཡོས་ཐན་སྤྱི་གླིང་ནང་། ཁྱིམ་མི་དང་གྲོགས་པོར་སྨོན་འདུན་ཞུ་ལུགས་བྲིས་པའི་ཤོག་ལྷེ་དམར་པོ་ཤིང་སྡོང་ཐོག་སྒྲོག་པ་དང་། དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས་ཡོད།

ལུའུ་ཧྲན་ས་ཡོམ་གནོད་འཚེའི་ཁུལ་གྱི་ཁོར་ཡུག་ཚང་མར། གནོད་འཚེ་ཕོག་ཁུལ་མང་ཚོགས་ནས་སྲོལ་རྒྱུན་གོམས་གཤིས་ཐོག་ནས་དུས་ཆེན་གཏོང་བ་དང་དུས་མཚུངས། བྲེལ་འཚུབ་ངང་བསྐྱར་འཛུགས་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ཁྱིམ་གཞི་གསར་པ་བསྐྲུན་བཞིན་ཡོད་པ་རེད།

མ་གཞི་དྲག་ཆར་བབས་པའི་གནམ་གཤིས་བསྟན་ནའང་། ཧའེ་ཁོའུ་ཡི་གྲོང་མིའི་དུས་ཆེན་གཏོང་བའི་སྤྲོ་སྣང་ལ་འགོག་རྐྱེན་བཟོས་མེད། ཉིན་དེ་རང་དུ། ཧའེ་ཁོའུ་གྲོང་ཁྱེར་གྱིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། རིག་གནས་ཀྱིས་དམངས་ལ་ཕན་པ་བསྐྲུན་པ་དང་གྲོན་ཆུང་ངང་དུས་ཆེན་གཏོང་བ་དེ་ཁྱད་ཆོས་མངོན་གསལ་དོད་ཤོས་སུ་གྱུར་ཡོད་པ་རེད།

རྒྱ་ཆེའི་གྲོང་མི་རྣམས་ཟླ་མཆོད་དུས་ཆེན་སྔར་བས་ལྷག་པ་ཞིག་གཏོང་ཐུབ་པ་བྱེད་ཆེད། ཝུ་ཧན་ཧོའང་ཧེ་ལོའུ་སྤྱི་གླིང་དེ་ཟླ་མཆོད་དུས་ཆེན་དགོང་མོ་སྒོ་ཕྱེ་བ་དང་། ཉིན་དེར། ཝུ་ཧན་ཡི་ཧོན་ལེ་ཀུའུ་ཡིས་ཧྭ་ཀྲུང་ས་ཁུལ་གྱི་ཡིག་འབྲུ་ལས་གྲུབ་པའི་ཟླ་མཆོད་བག་ལེབ་ཆེ་ཤོས་བཏོན་པ་དང་། བག་ལེབ་དེ་ཟླ་མཆོད་བག་ལེབ་ཆུང་ཆུང2500ལྷག་ལས་གྲུབ་ཡོད་ཅིང་། སྤྱིའི་ལྗིད་ཚད་ལ་སྤྱི་རྒྱ110ཡོད་པ་རེད།

ཟླ་མཆོད་དུས་ཆེན་ཉིན་མོ། ཧེ་ལུང་ཅང་ཞིང་ཆེན་ཐུང་ཅང་གྲོང་ཁྱེར་གྱི་ ཐོག་ཁང་ནང་གསར་དུ་བཀོད་སྒྲིག་བྱས་པའི་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་ལ་ཟླ་མཆོད་བག་ལེབ་དང་འཚོ་བའི་མཁོ་ཆས་ཐོབ་ཡོད་པ་དང་། དེའི་ཁྲོད་མང་ཆེ་བ་ནི་ལས་ཁུངས་ཀྱི་ལས་བྱེད་དང་གྲོང་མིས་རང་འགུལ་ངང་ཞལ་འདེབས་རྒྱབ་པ་ཞིག་ཡིན་པ་རེད།

ཞག་ཅིག་ཆར་པ་བབས་པའི་དབང་གིས་སྤྱི་ཚེས19ཉིན་གྱི་ཞོགས་པ་མཚོ་སྔོན་ཞིང་ཆེན་ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་རྫོང་སྐྱེ་རྒུ་མདོ་གྲོང་རྡལ་གྱི་དྲོད་ཚད་གློ་བུར་དུ་དམའ་རུ་སོང་བ་དང་། ཆར་ཟིམ་ཆད་མེད་བབས་ནའང་། ཡུལ་ཧྲུའུ་ཡི་རོགས་སྐྲུན་ལས་ཡུལ་གང་སར། ལས་བྲེལ་གྱི་རྣམ་པས་ཁེངས་ཡོད་པ་རེད།

ཀྲུང་གོའི་འཛུགས་སྐྲུན་སྤྱི་ཁྱབ་ཀུང་སིའི་བླང་བྱ་ལྟར། ཀྲུང་གོའི་འཛུགས་སྐྲུན་ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བཀོད་འདོམས་པུའི་དོ་དམ་བང་རིམ་ནས་མཉམ་སྡེབ་ཐོག་སྔོན་མ་སྤྲོད་པའི་དུས་ཆེན་གཏོང་བའི་འགྲོ་གྲོན་གྲོན་ཆུང་བྱས་ཏེ། འཛུགས་སྐྲུན་གྱི་འཐབ་ས་དང་པོར་ཡོད་པའི་ཞིང་པ་ལས་མི་ཚོར་ཟླ་མཆོད་བག་ལེབ་རྒྱ་མ་རེ་སྤྲད་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:དགེ་ཆོས་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློ་སྐོར་གྱི་དཔེ་དེབ་ངོ་སྤྲོད།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་ལས་གཞིའི་ཡུལ་ཤུལ་གྱི་ཕུལ་བྱུང་གླུ་དབྱངས་ལེགས་སྒྲིག་པར་བསྐ
  • དོ་སྣང་ཆེ་བའི་རྩོམ།