ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-08-19
ཟླ8པའི་ཚེས16ནས་ཚེས17བར། གླུ་བ་ཀུན་དགའི《སེམས་ནང་གི་གླུ》ཞེས་པའི་གླུ་གཞས་ཆེད་བསྒྲིགས་གསར་བ་འདོན་ཐེངས་དང་པོའི་སྤྲོ་ཚོགས་ཆེན་མོ་དང་གླུ་གྲོགས་དགོང་ཚོགས་དེ་ལྷ་སའི་ཨ་མ་ལགས་འཁྲབ་སྟོན་ལྟེ་གནས་སུ་བསྡུས་པ་རེད།
སྤྲོ་ཚོགས་སུ་གླུ་བ་ཀུན་དགས་སྤྲོ་སེམས་འཁོལ་བའི་ངང་གླུ་གཞས་ཆེད་བསྒྲིགས་ཀྱི་གཞས་ཡོད་ཚད་གཟིགས་མོ་བ་ལྷན་རྒྱས་ལ་ཕུལ་ཏེ་རམ་འདེགས་འཁྲབ་སྟོན་གྱི་སྐུ་མགྲོན་དང་། ཡུལ་དངོས་ཀྱི་གཞས་དུངས་གཟིགས་མོ་བ་རྣམས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་ལ། བློ་བཟང་དང་། དར་མཚོ། དཔལ་ཡུལ་བཀྲ་ཤིས་སོགས་གླུ་བ་གླུ་མ་དག་གིས་ཡུལ་དངོས་རམ་འདེགས་ཀྱི་ཚུལ་དུ་གླུ་གཞས་སྙན་མོ་ཕུལ་བྱུང་།
རྒྱུས་ལོན་བྱུང་བ་ལྟར་ན། གླུ་གཞས་ཆེད་བསྒྲིགས་གསར་བ་འདིའི་ཐོག་མའི་འགྲེམ་སྤེལ་བྱ་བར། བོད་ལྗོངས་ཀྱི་ས་ཁུལ་སོ་སོར་སྐོར་བསྐྱོད་སྒོས་གླུ་གྲོགས་སྤྲོ་ཚོགས་བསྡུ་རྒྱུ་ཡིན་ཞིང་། སྐབས་དེར་བོད་ཀྱི་གླུ་བ་གླུ་མ་སྐོར་ཞིག་གིས་ཡུལ་དངོས་རམ་འདེགས་སྒོས་སྙན་ཞིང་འཇེབས་པའི་གླུ་གཞས་ཀྱང་མི་ཉུང་བ་ཕུལ་ངེས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10