ཝང་ཡང་གིས་ཧུའུ་ནན་ཞིང་ཆེན་དུ་ཐན་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-08-05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་བའི་དུས་སྐབས་ཤིག་ལ། ལྷོ་ཕྱོགས་ཀྱི་ས་ཁུལ་སྐོར་ཞིག་དུ་ཆར་འབབ་ཚད་ཇེ་ཉུང་ལ་སོང་བ་དང་རྒྱུན་མཐུད་སྒོས་ཚ་གྲང་ཇེ་མཐོར་སོང་བའི་དབང་གིས་ཐན་པ་དྲག་པོ་བྱུང་བ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་དེ་ལ་ཧ་ཅང་ཡིད་འཇོག་བྱེད་ཀྱིན་ཡོད་པར་མ་ཟད། འབྲེལ་ཡོད་ཕྱོགས་སོ་སོས་གནོད་སེལ་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་ནས། གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་འཚོ་བ་དང་རྒྱུན་ལྡན་གྱི་ཐོན་སྐྱེད་འགན་སྲུང་བྱེད་དགོས་པའི་ཐུགས་རེ་བཏོན། སྤྱི་ཟླ7པའི་ཚེས31ཉིན་ནས་སྤྱི་ཟླ8པའི་ཚེས1ཉིན་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཁབ་ཆུ་འགོག་ཐན་སེལ་སྤྱི་ཁྱབ་བཀོད་འདོམས་པ་ཝང་ཡང་ཐན་པའི་གནོད་འཚེ་དྲག་པོ་བྱུང་བའི་ཧུའུ་ནན་ཞིང་ཆེན་དུ་སོང་ནས་ཐན་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས། ཝང་ཡང་གིས་བཤད་རྒྱུར། ཐན་པ་དྲག་པོ་བྱུང་བའི་ས་ཁུལ་གྱིས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱིས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ཐན་སེལ་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱེད་དགོས་ལ། ཐན་སེལ་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་སྒོས་གྲོང་གསེབ་སྡོད་དམངས་ཀྱི་འཚོ་བའི་འཐུང་ཆུ་འགན་སྲུང་བྱེད་དགོས་པར་མ་ཟད། ཚད་ཆེས་ཆེ་བའི་སྒོ་ནས་ཐན་པའི་གྱོང་གུད་ཇེ་ཉུང་དུ་གཏོང་དགོས་ཟེར།

ཝང་ཡང་གིས་བཤད་རྒྱུར། མིག་སྔར་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཤོས་ཤིག་ཆུ་འགོག་གནོད་སེལ་གྱི་དུས་སྐབས་སུ་གནས་ཡོད་པས། ངེས་པར་དུ་ཆུ་འགོག་ཐན་སེལ་བྱ་བ་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཐན་པ་བྱུང་བའི་ས་ཁུལ་གྱིས་ཐན་འགོག་བྱ་བ་བཟང་བོར་བསྒྲུབ་པ་དང་། ས་ཁུལ་ཁ་ཤས་ཀྱི་ཐན་པའི་གནས་ཚུལ་ལ་དམིགས་ཏེ་ཆུ་བེད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཐན་སེལ་རྒུད་སྐྱོབ་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་གཏོང་དགོས་ཟེར།  །

  • ལེ་ཚན་སྔོན་མ།:སློབ་གསོ་པུའུ་ཡིས2013ལོའི་རྒྱལ་ཡོངས་དར་མའི་སློབ་ཆེན་གྱིས་སློབ་མ་བསྡུ་བར་སྔར་ལྷག་གིས་གོ་རིམ་ཡོད་པའི་ས
  • ལེ་ཚན་རྗེས་མ།:བོད་ལྗོངས་སློབ་ཆེན་ལ་འབུམ་རམས་པའི་སློབ་གནས་དབང་གནང་སྡེ་ཁག་ཏུ་ཆོག་མཆན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།