ཞི་ཅིན་ཕེན་གྱིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་བཞི་བ་དང་ལྔ་བའི་སྟེང་མིང་བཀོད་པ།

བཀྲ་ཤིས་འབུམ།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-07-01

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་པེ་ཅིན་ནས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་བཞི་བ་དང་ལྔ་བའི་སྟེང་མིང་བཀོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བཞི་བའི་ནང་བཤད་རྒྱུར། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས»ལ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་བཅུ་བཞི་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་དགོས་ཟེར།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་ལྔ་བའི་ནང་བཤད་རྒྱུར། «རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་རྫས་སྲུང་སྐྱོབ་བཅའ་ཁྲིམས>སོགས་བཅའ་ཁྲིམས་བཅུ་གཉིས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན»ལ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་བ་དང་། ཁྱབ་སྒྲོག་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་དགོས་ཟེར།

  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་རིག་གནས་ལས་དོན་འཕེལ་རྒྱས་ཐད་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར11.6བཏང་བ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།