ལིས་ཁི་ཆང་གིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-01

ལིས་ཁི་ཆང་གིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་བ།

                    ཟླ6པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཏའོ་ཡུས་ཐེ་རྒྱལ་ཁབ་མགྲོན་ཁང་ནས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར་པེ་ཅིན་ཏའོ་ཡུས་ཐེ་རྒྱལ་ཁབ་མགྲོན་ཁང་ནས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་།ལིས་ཁི་ཆང་གིས་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ནི་འཆམ་མཐུན་གྱི་ཁྱིམ་མཚེས་མནའ་འབྲེལ་དང་མཉམ་ལས་གྲོགས་པོ་གཙོ་བོ་ཡིན་པ་དང་། ཕྱོགས་གཉིས་ཀས་ངེས་པར་དུ་མིག་རྒྱང་རིང་བོར་བརྟེན་ནས། དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་། དངུལ་རྩ། ནུས་ཁུངས་གསར་བ་སོགས་ཁྱབ་ཁོངས་མང་པོ་ནས་མཉམ་ལས་ཟབ་མོ་བྱེད་པ་དང་། རང་མོས་ཉོ་ཚོང་ས་ཁུལ་བསྐྲུན་པར་དམ་འཛིན་བྱས་ཏེ། ཕན་ཚུན་གྱི་མཉམ་ལས་ཁེ་བཟང་དེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་གསུངས།ལིས་ཁི་ཆང་གིས་ཀྲུང་གོ་ནི་མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ཡོད་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་རྒྱལ་པོ་ཞིག་ཡིན་པའི་ངོས་ནས། དེང་རབས་ཅན་མངོན་འགྱུར་བྱེད་ན།ནང་མཁོ་རྩ་བ་ནས་རྒྱ་བསྐྱེད་རྒྱུ་དེ་ཡིན་ལ། ཀྲུང་གོ་ད་ལྟ་བཟོ་ལས་ཅན་དང་མཁར་གྲོང་གསར་བ་བསྐྲུན་བཞིན་པའི་དུས་སུ་གནས་ཡོད་པས། ཁྲོམ་རའི་མཐུན་རྐྱེན་ཧ་ཅང་འཛོམས། རེ་བ་ལ་ཕྱོགས་གཉིས་ཀས་གོ་སྐབས་དེ་དམ་འཛིན་བྱས་ཏེ། ལག་རྩལ་དང་ཁྲོམ་ར། ཤེས་ལྡན་པ་སོགས་ཀྱི་ཕྱོགས་ནས་ཕན་ཚུན་ཚུན་གྱི་ཁྱད་སྟོབས་ཁ་སྐོང་བྱས་ཏེ། མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། དེ་ལྟར་བྱས་ན་རྒྱལ་ཁབ་གཉིས་ཀར་ཕན་ཐོགས་ལས་གཞན། ས་ཁུལ་དཔལ་འབྱོར་གོང་དུ་སྤེལ་བར་ནུས་པ་ཆེན་པོ་ཐོན་ཐུབ་པ་དང་། ཨེ་ཤ་ཤར་ལྷོ་ས་ཁུལ་གྱི་མཉམ་ལས་གོང་དུ་སྤེལ་བར་ཡང་སྐུལ་ཁྲིད་བྱེད་ཐུབ་ཅེས་གསུངས།ལིས་ཁི་ཆང་གིས་ཀྲུང་གོས་ཁྲའོ་ཞན་ཕྱེད་གླིང་ཞི་བདེ་དང་བརྟན་འཇགས་ཡོང་བར་མཐའ་གཅིག་ཏུ་སྲུང་བྱེད་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ། གྲོས་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་འདོད་ཡོད་ཅེས་བསྟན།ཕེའོ་ཅིན་ཧོས་ཀྱིས་ཧན་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ནུབ་རྒྱུད་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། ཧན་གོ་དང་ཀྲུང་གོའི་བར་གྱི་རང་མོས་ཉོ་ཚོང་གྲོས་མཐུན་མྱུར་དུ་བཀོད་དེ། རྒྱལ་ཁབ་གཉིས་དང་ས་ཁོངས་དཔལ་འབྱོར་མཉམ་ལས་ལ་སྔར་ལས་ཡར་སྐུལ་གཏོང་བ་དང་། རྒྱལ་ཁབ་གཉིས་དང་རང་ས་ཁུལ་གྱི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ཟེར།   །

  • ལེ་ཚན་སྔོན་མ།:བོད་ཀྱི་བྲིས་ལུགས་གསར་པའི་རི་མོའི་འགྲེམ་སྟོན་པེ་ཅིང་མི་རིགས་རིག་གནས་ཁང་དུ་སྤེལ་བ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀིར་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།