༢༠༡༣ལོའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    མཚོ་སྔོན་གསར་འགྱུར་དྲ་བ།    2013-06-14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས13ཉིན། སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་ཡིན་པའི2013ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ། མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་དུས་སྐབས་སུ་མཚོ་སངཽན་གྱིས་རིགས་སོ་སོའི་ལས་གཞི360ལ་མཉམ་ལས་ཀྱི་གན་རྒྱ་བཞག་པ་དང་། གན་རྒྱའི་མ་དངུལ་སྒོར་དུང་ཕྱུར1822ལ་སླེབས་ཤིང་། ཡུལ་དངོས་ཉོ་ཚོང་བྱས་པའི་སྒོར་མོ་ཁྲི1000ལས་བརྒལ་ཡོད། །

༢༠༡༣ལོའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་རྒྱལ་ཁའི་ངང་

སྤྱི་ཟླ6པའི་ཚེས13ཉིན། མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ལག་བསྟར་ཨུ་ཡོན་ལྷན་ཚོགས་ཀྱིས་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ཏེ་ཞིང་ཆེན་ཕྱི་ནང་གི་གསར་འགྱུར་སྨྱན་བྱེད་པར་ཐེངས་འདིའི་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གྲུབ་འབྲས་ཁྱབ་སྒྲོག་བྱས།

  • ལེ་ཚན་སྔོན་མ།:ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་མྱུར་བརྒལ་གདན་ཞུ་འགྲན་བསྡུར་ཞོན་ཧྭ་རྫོང་དུ་སྤེལ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཚད་མ་རིག་པའི་སྐོར་གྱི་རིག་གཞུང་བགྲོ་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།