ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་བདེ་བླག་ངང་བར་སྣང་དུ་བཏང་བ་དང་ཞི་ཅིན་ཕེན་གྱིས་ཏུང་ཧྥུན་མཁའ་སྐྱོད་མཁར་གྲོང་ནས་འཕུར་གྲུ་གཏོང་བར་གཟིགས་པར་མ་ཟད་གསུང་བཤད་གནང་བ།

མཚོ་སྔོན་བོད་སྐད་རླུང་འཕྲིན།        2013-06-13

ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་བདེ་བླག་ངང་བར་སྣང་དུ་བཏང་བ་དང་ཞི་ཅིན་ཕེན་གྱིས་ཏུང་ཧྥུན་མཁའ་སྐྱོད་མ

  སྤྱི་ཟླ6པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཅིག་ཆོན་འཁོར་སྐར་གཏོང་སའི་ལྟེ་གནས་ཀྱི་མཁའ་སྐྱོད་པ་སྡོད་སར་ཕེབས་ཏེ། བར་སྣང་དུ་སྐྱོད་གྲབས་ཡོད་པའི་ཉིས་ཧེ་ཧྲིན་དང་། ཀྲུང་ཞོ་ཀོང་། ཝང་ཡ་ཕེན་བཅས་ལ་སྐྱེལ་མ་བྱས།

ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་བདེ་བླག་ངང་བར་སྣང་དུ་བཏང་བ་དང་ཞི་ཅིན་ཕེན་གྱིས་ཏུང་ཧྥུན་མཁའ་སྐྱོད་མ

  སྤྱི་ཟླ6པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་གྱིས་པེ་ཅིན་མཁའ་སྐྱོད་འཕུར་ལམ་ཚོད་འཛིན་ལྟེ་གནས་ནས་ལྷ་གྲུ་བཅུ་བའི་འཕུར་གྲུ་གཏོང་བའི་ཚུལ་ལ་གཟིགས། འདི་ནི་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་བདེ་བླག་ངང་བར་སྣང་དུ་བཏང་རྗེས། ལིས་ཁི་ཆང་དང་ལིག་ཡུང་ཧྲན་གཉིས་ཀྱིས་པེ་ཅིན་མཁར་སྐྱོད་འཕུར་ལམ་ཚོད་འཛིན་ལྟེ་གནས་ཀྱི་ལས་བྱེད་མི་སྣར་ཕྱག་འཇུ་གནང་བའི་ཚུལ་རེད།

ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་བདེ་བླག་ངང་བར་སྣང་དུ་བཏང་བ་དང་ཞི་ཅིན་ཕེན་གྱིས་ཏུང་ཧྥུན་མཁའ་སྐྱོད་མ 
འདི་ནི་སྤྱི་ཟླ6པའི་ཚེས11ཉིན། ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་དེ་ཅིག་ཆོན་འཁོར་སྐར་གཏོང་སའི་ལྟེ་གནས་ནས་བར་སྣང་དུ་སྐྱོད་པའི་ཚུལ་རེད།
 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་དུས་ཚོད་ཀྱི་སྤྱི་ཟླ6པའི་ཚེས11ཉིན་གྱི་དུས་ཚོད17དང་སྐར་མ38སྟེང་། ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུ་དེ་ཅིག་ཆོན་འཁོར་སྐར་གཏོང་སའི་ལྟེ་གནས་ནས་བར་སྣང་དུ་བཏང་བ་དང་། ནོར་བ་མེད་པར་གཏན་ལ་ཕབ་པའི་འཕུར་ལམ་དུ་ཞུགས་ཏེ། མཁའ་སྐྱོད་པ་གསུམ་པོ་བདེ་བླག་ངང་བར་སྣང་དུ་བསྐྱལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཅིག་ཆོན་འཁོར་སྐར་གཏོང་སའི་ལྟེ་གནས་ལ་ཕེབས་ཏེ་འཕར་གྲུ་གཏོང་བའི་གནས་ཚུལ་གཟིགས།

  ལིས་ཁི་ཆང་དང་ལིག་ཡུང་ཧྲན་གྱིས་པེ་ཅིན་མཁའ་སྐྱོད་འཕུར་ལམ་ཚོད་འཛིན་ལྟེ་གནས་ནས་འཕུར་གྲུ་གཏོང་བའི་གནས་ཚུལ་ལ་གཟིགས།

  ཚེས11ཉིན་གྱི་ཉིན་གུང་། ཞི་ཅིན་ཕེན་གྱིས་ཅིག་ཆོན་འཁོར་སྐར་གཏོང་སའི་ལྟེ་གནས་ནས་ལྷའི་ཕོ་བྲང་དང་པོ་རྟགས་ཅན་དང་ལྷ་གྲུ་བཅུ་རྟགས་ཅན་གྱི་མི་སྡོད་འཕུར་སྐྱོད་ལས་འགན་གྱི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་ལ་ཉན། ཞི་ཅིན་ཕེན་གྱིས་ཚན་ཞིབ་དང་ཚོད་ལྟའི་ལས་ལ་ཞུགས་པའི་ལས་ཁུངས་ཁག་དང་སྡེ་ཁག་སོ་སོས་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུའི་འཕར་སྐྱོད་ལས་འགན་གྱི་གྲ་སྒྲིག་བྱ་བ་མང་པོ་བསྒྲུབས་པར་ཁས་ལེན་གང་ལེགས་མཛད། ཞི་ཅིན་ཕེན་གྱིས་ཐེངས་འདིའི་འཕུར་སྐྱོད་དུས་ཚོད་རིང་བ་དང་། ཚོད་ལྟའི་དཀའ་ཚེགས་ཆེ་བས། རེ་བ་ལ་བློ་མཐུན་ཚོས་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་། ཡིད་ཆེས་ཇེ་བརྟན། རྩ་འཛུགས་ཞིབ་ཚགས། ཚན་རིག་ལྟར་ལག་བསྟར་བྱས་ཏེ། གཏན་ལ་ཕབ་པའི་ལས་འགན་དང་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་དང་། མི་སྡོད་མཁའ་སྡོད་ལས་དོན་འཕེལ་རྒྱས་ཐད་ནས་རྒྱལ་ཁ་གསར་བ་ལེན་པར་འབད་བརྩོན་བྱེད་དགོས་ཞེས་གསུངས།
 

ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་བདེ་བླག་ངང་བར་སྣང་དུ་བཏང་བ་དང་ཞི་ཅིན་ཕེན་གྱིས་ཏུང་ཧྥུན་མཁའ་སྐྱོད་མ

  སྤྱི་ཟླ6པའི་ཚེས11ཉིན། ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མཁའ་སྐྱོད་པ་ལམ་ལ་ཆས་པའི་མཛད་སྒོ་དེ་ཅིག་ཆོན་འཁོར་སྐར་གཏོང་སའི་ལྟེ་གནས་ཀྱི་ཐང་ཆེན་ནས་བསྡུས། འདི་ནི་མཁར་སྐྱོད་པ་ཉིས་ཧེ་ཧྲིན་དང་ཀྲང་ཞོ་ཀོང་། ཝང་ཡ་ཕེན་བཅས་འཕུར་སྐྱོད་ཀྱི་ལམ་ལ་ཆས་པའི་མཛད་སྒོར་ཞུགས་པའི་ཚུལ་རེད།
 

ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་བདེ་བླག་ངང་བར་སྣང་དུ་བཏང་བ་དང་ཞི་ཅིན་ཕེན་གྱིས་ཏུང་ཧྥུན་མཁའ་སྐྱོད་མ

འདི་ནི་འཕུར་གྲུའི་ནང་གི་གནས་ཚུལ་རེད།

  • ལེ་ཚན་སྔོན་མ།:ལྷ་གྲུ་བཅུ་པ་རྟགས་ཅན་གྱི་མཁའ་སྐྱོད་པའི་གཟུགས་པོ་བརྒྱ་ཆ་གསུམ་རིང་དུ་འགྲོ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་ཟློས་གར《པདྨ་འོད་འབར》ཞེས་པ་ཐོག་མར་འཁྲབ་སྟོན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།