བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-06-07
རྣམ་རྒྱལ་ལ་སྐབས་ལྔ་པའིSEE•TNCསྐྱེ་ཁམས་བྱ་དགའི་ལྗང་བསྐུལ་བའི་བྱ་དགའ་ཐོབ་པ།
ཟླ6པའི་ཚེས5ཉིན། སྐབས་ལྔ་པའིSEE•TNCསྐྱེ་ཁམས་བྱ་དགའ་གནང་བའི་མཛད་སྒོ་པེ་ཅིང་དུ་བསྡུས་ཤིང་། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ནས་ཡོང་བའི་བོད་ཀྱི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་པ་རྣམ་རྒྱལ་ལགས་ལSEE•TNCསྐྱེ་ཁམས་བྱ་དགའི་ལྗང་བསྐུལ་པའི་བྱ་དགའ་ཐོབ་པ་རེད།
རྣམ་རྒྱལ་ལགས་ཀྱིས1997ལོ་ནས་བཟུང་མཚོ་སྔོན་པོའི་མཐའ་འཁོར་དུ་དགོ་དམར་སྲུང་སྐྱོབ་བྱེད་འགོ་བརྩམས་ཤིང་། ཁོང་གིས་ལོ་ངོ་མང་པོའི་རིང་དུ་མ་བསྐུལ་རང་འགུལ་སྒོས་གཉེན་ཉེ་དང་གྲོགས་པོ་རྣམས་ཀྱི་སྣེ་ཁྲིད་དེ་རྩྭ་ས་བཅོས་སྐྱོང་དང་། ཁྲུང་ཁྲུང་སྐེ་ནག་སོགས་འཛམ་གླིང་སྟེང་དཀོན་པའི་འདབ་ཆགས་ཀྱི་རིགས་ལ་སྲུང་སྐྱོབ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།
SEE•TNCསྐྱེ་ཁམས་བྱ་དགའ་ནི་ཨ་ལ་ཧྲན་སྐྱེ་ཁམས་མཐུན་ཚོགས་དང་ནང་སོག་གི་ཨ་ལ་ཧྲན་སྲིད་འཛིན་ལས་ཁུངས་གཉིས་ཀྱིས2005ལོར་བཙུགས་པའི་བྱ་དགའ་ཞིག་ཡིན་ཞིང་། ལོ་རེར་ཐེངས་གཉིས་ལ་ཕུལ་དུ་བྱུང་བའི་སྐྱེ་ཁམས་སྲུང་སྐྱོབ་པ་དཔྱད་འདེམ་བྱེད་བཞིན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10