སློབ་གསོ་པུས་མཐོ་རིམ་ཡིག་རྒྱུགས་ཀྱི་ཐེར་འདོན་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-06-05

སྤྱི་ལོ2013ལོའི་མཐོ་རིམ་སློབ་རྒྱུགས་སླེབས་གྲབས་ཡོད་པའི་སྐབས་འདིར། ལྟ་སྐུལ་ལ་ཤུགས་སྣོན་དང་དོན་འཁྱོལ་དམ་འཛིན། འདྲ་མཉམ་ལ་སྐུལ་འདེད་བཅས་ཀྱིས་སྤྱི་ལོ2013ལོའི་མཐོ་རིམ་སློབ་རྒྱུགས་བརྟན་པོའི་སྒོ་ནས་གཏོང་རྒྱུར་འགན་ལེན་བྱེད་ཆེད། སློབ་གསོ་པུས་༢༠༡༣ལོའི་མཐོ་རིམ་སློབ་རྒྱུགས་ཀྱི་ཐེར་འདོན་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་ཡོད་པ་རེད། སློབ་གསོ་པུའི་མཐོ་རིམ་སློབ་གྲྭའི་སློབ་མའི་སི་དང་། སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས། དེ་བཞིན་པེ་ཅིན་དང་ཐན་ཅིན། ཧེ་པེ། ཧྲན་ཤི་སོགས་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཐེར་འདོན་ཁ་པར་ཨང་གྲངས་ཚུད་ཡོད་པ་རེད། སློབ་གསོ་པུས་སྤྱི་ཚོགས་ལས་རིགས་ཁག་གིས་ཡིག་རྒྱུགས་ཁྲོད་ཉེས་བསགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ལྟ་སྐུལ་བྱེད་པའི་ནང་ཐེ་ཞུགས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད། སློབ་གསོ་པུའི་མཐོ་རིམ་སློབ་གྲྭའི་སློབ་མའི་སིའི་ཁ་པར་ཨང་གྲངས་ནི010—66096242ཡིན་པ་དང་། སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་ཀྱི་ཁ་པར་ཨང་གྲངས་ནི010—82520029ཡིན་པ་རེད།  །
  • ལེ་ཚན་སྔོན་མ།:སྐབས་བདུན་པའི་ཀྲུང་གོའི་མི་རིགས་ཚོང་རྫས་ཀྱི་ཚོང་འདུས་དེ་སྤྱི་ཟླ7པར་འཚོགས་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ཀྲུང་གོ་དང་ཨེ་ཞི་ཡ་ཤར་ལྷོའི་དམངས་ཁྲོད་མཐོ་རིམ་བགྲོ་གླེང་ནན་ཉིང་དུ་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།