རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཐི་ལི་ཉི་ཏ་དང་ཏོ་པ་ཀི ཁོ་སི་ཐ་རི་ཁ། མའོ་ཞི་ཁོ། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་རྒྱུ་ཡིན་པ།
ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-05-24
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཆིན་ཀང་གིས་སྤྱི་ཟླ5བའི་ཚེས21ཉིན་པེ་ཅིན་ནས་ཁྱབ་སྒྲོག་བྱས་པ་ལྟར་ན། ཁི་ལི་ཉི་ཏ་དང་ཏོ་པ་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁ་མའོ་ན་དང་། ཁོ་སི་ཐ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཆིན་ཆི་ལིས་ཡ། མའོ་ཞི་ཁོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕེ་ཉི་ཡ། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱ་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་སྤྱི་ཟླ5བའི་ཚེས31ཉིན་ནས་སྤྱི་ཟླ6པའི་ཚེས6ཉིན་བར་ཐི་ལི་ཉི་ཏ་དང་ཏོ་པ་ཀི་དང་། ཁོ་སི་ཐ་རི་ཁ། མའོ་ཞི་ཁོ་བཅས་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་ཡིན་པར་མ་ཟད། སྤྱི་ཟླ6པའི་ཚེས7ནས་ཚེས8ཉིན་བར་ཨ་མེ་རི་ཁའི་ཅ་ལིས་ཧྥུའུ་ཉི་ཡ་ཀྲིག་ནས་ཙུང་ཐུང་ཨོ་པ་མཱ་དང་གླེང་མོལ་མཛད་རྒྱུ་རེད། །