མཚོ་ལྷོའི་བི་ཤ་ཀརྨའི་གཙགས་དྲུབས་ཐོན་རྫས་གསར་བ་ཚོང་རར་བཀྲམ་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-05-16

མཚོ་ལྷོའི་བི་ཤ་ཀརྨའི་གཙགས་དྲུབས་ཐོན་རྫས་གསར་བ་ཚོང་རར་བཀྲམ་པ།
བི་ཤ་ཀརྨའི་གཙགས་དྲུབས་ཐོན་རྫས་གསར་བ་སྟེ་ཇོ་མོ་གླང་མ།

  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བི་ཤ་ཀརྨའི་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་ཟིས2013ལོར་ཞིབ་འཇུག་འགྲེམ་སྤེལ་བྱས་པའི་ཇོ་མོ་གླང་མ་དང་། ཕོ་བྲང་པོ་ཏ་ལ། རི་སྤྱང་། གླག་རྒོད། ནོར་ནག་སོགས་བོད་ཀྱི་གཙགས་དྲུབས་ཐོན་རྫས་གསར་བ་དེ་དག་མང་རྫོང་གཙགས་དྲུབས་ཀྱི་ཁབ་ལེན་སྟངས་གསོ་སྦྱོང་འཛིན་གྲྭའི་སྟེང་བཟོ་བ་རྣམས་ཀྱིས་ཟླ་གཅིག་རིང་ལ་གཙགས་པ་དང་། ཇོ་མོ་གླང་མ་ཞེས་པའི་ཐོན་རྫས་གསར་བ་ཞིབ་བཤེར་བྱས་ཏེ་སྔ་གཞུག་ཏུ་ཚོང་རའི་སྟེང་བཀྲམ་པ་རེད།
  ཟླ5པའི་ཚེས10ཉིན་མཚོ་སྔོན་བོད་ཀྱི་རིག་གནས་ཁང་དུ་ཡོད་པའི་ཇོ་མོ་གླང་མ་ཞེས་པའི་ཐོན་རྫས8པོ་ཟླ5པའི་ཚེས12ཉིན་ཕྱིར་འཚོང་བྱས་པ་རེད།
  ཐོན་རྫས་གསར་བའི་ཞིབ་འཇུག་འདོན་སྤེལ་དང་ཚོང་རར་བཀྲམ་པ་དེས་ཁེ་ལས་ཀྱིས་ཚོང་རར་འཕྲོད་པའི་ཐོན་རྫས་གསར་བ་ཐོན་སྐྱེད་བྱེད་ཐུབ་ཚེ་འཛད་སྤྱོད་པ་རྣམས་ཀྱིས་དགའ་བསུ་ཐོབ་ངེས་གསལ་བཤད་བྱས་པ་རེད།

  • ལེ་ཚན་སྔོན་མ།:བོད་རྒྱ་དབྱིན་གསུམ་གྱི《བྲག་དཀར་སྤྲེལ་རྫོང》གི་པར་དེབ་དཔེ་བསྐྲུན་འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:འབར་ཁམས་རྫོང་གིས་གཅོང་ནད་དང་མོ་ནད་ལ་ཞིབ་བཤེར་བྱ་བ་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།