བོད་ཀྱི་ཆེད་མཁས་འགའ་སློབ་གསོ་པུའི་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་མཛུབ་སྟོན་ཨུའི་ཨུ་ཡོན་དུ་བདམས་པ།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-05-10
ཉེ་ཆར། སློབ་གསོ་པུའི་ཁྱབ་བསྒྲགས་བྱས་པའི་སྐབས་གསར་པའི(2013ལོ་ནས2017ལོ)མཐོ་རིམ་སློབ་གྲྭའི་སློབ་ཁྲིད་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་མཚན་ཐོའི་ཁྲོད། བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་བོད་ཀྱི་གསོ་རིག་སློབ་གླིང་། མཚོ་སྔོན་མི་རིགས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་གླིང་སོགས་ཀྱི་བོད་ཀྱི་ཆེད་མཁས་སྐོར་ཞིག་བདམས་པ་རེད།
2013ལོ་ནས2017ལོའི་སློབ་གསོ་པུའི་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་མཛུབ་སྟོན་ཨུ་ཡོན་ལྷན་ཁང་དུ་བསྡོམས་པས་སློབ་ཁྲིད་མཛུབ་སྟོན་ཨུ་ཡོན་ལྷན་ཁང109བཙུགས་ཡོད་ཅིང་། རིགས་སོ་སོའི་དངོས་གཞིའི་ཆེད་ལས་དང་ཚོད་ལྟའི་སློབ་ཁྲིད་སོགས་འདུས་པ་རེད། སློབ་ཁྲིད་མཛུབ་སྟོན་ཨུ་ཡོན་ལྷན་ཁང་ནི་སློབ་གསོ་པུས་གདན་འདྲེན་ཞུས་ཤིང་འགོ་ཁྲིད་བྱེད་པའི་ཆེད་མཁས་ཀྱིས་རྩ་འཛུགས་བྱས་ནས། མཐོ་རིམ་སློབ་གྲྭའི་དངོས་གཞིའི་སློབ་ཁྲིད་ལ་ཞིབ་འཇུག་དང་འདྲི་རྩད། མཛུབ་སྟོན། དཔྱད་བསྡུར་བཅས་ཀྱི་བྱ་བ་སྤེལ་རྒྱུ་རེད།