ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-05-06
མཁས་དབང་དགེ་འདུན་ཆོས་འཕེལ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པའི་རྗེས་དྲན་ཚོགས་འདུ།
ཟླ5བའི་ཚེས2ནས་ཚེས3བར། དགེ་འདུན་ཆོས་འཕེལ་དྲ་བས་གཙོ་སྒྲུབ་སྒོས་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པའི་རྗེས་དྲན་ཚོགས་འདུ་དེ་རེབ་གོང་ཞོ་འོང་དཔྱི་སྡེ་བའི་དགེ་འདུན་ཆོས་འཕེལ་གྱི་གཞིས་རྙིང་དུ་བསྡུས་ཤིང་། དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། རྨ་ལྷོ་ཁུལ་དམངས་སྲིད་ཅུའི་འབྲེལ་ཡོད་འགོ་ཁྲིད། དེ་མིན་སྤྱི་ཚོགས་ལས་རིགས་སོ་སོ་རུ་རྩོམ་རིག་ལ་དགའ་ཞེན་ཆེ་མཁན་དང་། རྩོམ་པ་པོ་དང་སྙན་ངག་པ། སློབ་གྲྭ་སོ་སོའི་དགེ་རྒན་སོགས་མི་སྣ20ལྷག་ཐེངས་འདིའི་རྗེས་དྲན་ཚོགས་འདུ་ལ་ཞུགས་པ་རེད།
མཁས་དབང་དགེ་འདུན་ཆོས་འཕེལ་འཁྲུངས་ནས་ལོ་འཁོར་
བརྒྱ་དང་བཅུ་ལོན་པའི་རྗེས་དྲན་ཚོགས་འདུ།
ཚོགས་འདུ་རུ་དགེ་རྒན་ཆེན་མོ་བསོད་ནམས་རྡོ་རྗེ་དང་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་སོགས་གཙོས་པའི་ཚོགས་ཞུགས་པ་རྣམས་ཀྱིས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ངོ་མཚར་བའི་མི་ཚེ་དམིགས་སུ་བཟུང་ནས་བགྲོ་གླེང་མཛད་ཅིང་། བོད་ཀྱི་དེང་རབས་སྙན་ངག་གི་དཔུང་སྡེ་གསར་བ་སྟེ་མི་རབས་གསུམ་པའི་སྙན་ངག་པ་དག་གིས་ཡུལ་དངོས་སུ་སྙན་ཚིག་གྱེར་འདོན་བྱས་པ་དང་། སྙན་ངག་གི་ལམ་ནས་མཁས་དབང་དགེ་འདུན་ཆོས་འཕེལ་ལ་རྗེས་དྲན་དང་བསྟོད་གླུ་བླངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10