ཁྲི་ཀ་རྫོང་དུ་འབྲིང་ཆུང་སློབ་མའི་རྩོམ་རིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-05-02

ཁྲི་ཀ་རྫོང་དུ་འབྲིང་ཆུང་སློབ་མའི་རྩོམ་རིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
ཁྲི་ཀ་རྫོང་དུ་འབྲིང་ཆུང་སློབ་མའི་རྩོམ་རིག་འགྲན་བསྡུར་གྱི་གཟེངས་བསྟོད་ཚོགས་འདུ་བསྡུས་པ།

        ཉེ་སྔོན། སློབ་མའི་སྐད་ཡིག་སློབ་སྦྱོང་གི་འདུན་མ་དང་རྩོམ་འབྲིའི་ཆུ་ཚད་མཐོར་འདེགས་བྱེད་པར། མཚོ་སྔོན་ཅིན་ཅེ་ཇུས་འགོད་ལས་འཚོང་ཀུང་ཟིས་ཆེད་དུ་མ་དངུལ་བཏང་བ་དང་། ཁྲི་ཀ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། ཁྲི་ཀ་རྫོང་སློབ་གསོ་ཅུའུ། ཁྲི་ཀ་རྫོང་གཞོན་སྐྱེས་སློབ་མའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་བཅས་མཉམ་འབྲེལ་སྒོས་འབྲིང་ཆུང་སློབ་མའི་རྩོམ་རིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
        ཐེངས་འདིའི་རྩོམ་རིག་འགྲན་བསྡུར་ནི་གཙོ་ཆེར་ཕ་ཡུལ་ལ་བཅིངས་པའི་བརྩེ་སེམས་བརྗོད་ཅིང་། ལོ་བཅུའི་རྗེས་སུ་ཕ་ཡུལ་ལ་འབྱུང་ངེས་པའི་འགྱུར་ལྡོག་དང་དྲིན་མཇལ་བརྗོད་དོན་དུ་བཟུང་བ་ཡིན། མཚོ་ལྷོ་ཁུལ་མཐོ་འབྲིང་གཉིས་པ་དང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པ། དེ་མིན་རྫོང་གཏོགས་ཀྱི་སློབ་གྲྭ7གྱི་སློབ་མ་ཐེངས་འདིའི་འགྲན་བསྡུར་དུ་ཞུགས་ལ། བསྡོམས་པས་འགྲན་ཞུགས་རྩོམ་རིག885བསྡུ་ཐུབ་པ་བྱུང་སྟེ། དེ་ལས་བོད་ཡིག་རྩོམ་རིག178དང་། དབྱིན་ཡིག་རྩོམ་རིག125ཡིན། མཐར་རྩོམ་རིག་འགྲན་བསྡུར་དཔྱད་འཇོག་པས་དཔྱད་བཤེར་བྱས་པར་བརྒྱུད། བསྡོམས་པས་རྩོམ་རིག85ལ་བྱ་དགའ་ཐོབ། ཁྲིད་སྟོན་དགེ་རྒན་གྱི་བྱ་དགའ42ཡིན། མ་ཟད་ཟླ4བའི་ཚེས27ཉིན་གྱི་ཕྱི་དྲོ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་བྱ་དགའ་གནང་བའི་མཛད་སྒོ་བསྡུས་པ་རེད།

  • ལེ་ཚན་སྔོན་མ།:གསེར་མདོག་གི་ཚྭ་འདམ་གཞུང་གིས་འཛམ་གླིང་དཔེ་ཀློག་ཉིན་མོར་རྩོམ་རིག་སྒྱུ་རྩལ་གྱི་བགྲོ་གླེང་སྤེལ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་དང་མཉམ་དུ་བཞུགས་མོལ་མཛད་པར་མ་ཟད་གསུངས་བཤད་
  • དོ་སྣང་ཆེ་བའི་རྩོམ།