མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-04-23
ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཧྭ་ཞི་སྨན་ཁང་ལ་ཕེབས་ནས་དེ་གར་སྨན་བཅོས་བྱེད་བཞིན་པའི་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་ནས་བསྐྱལ་ཡོང་བའི་རྨས་མར་འཚམས་འདྲི་ཞུས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཧྭ་ཞི་སྨན་ཁང་དུ་ཕེབས་ནས་དེ་གར་སྨན་བཅོས་བྱེད་བཞིན་པའི་ལུའུ་ཧྲན་ས་འགུལ་གྱི་གནོད་ཐེབས་ས་ཁུལ་ནས་བསྐྱལ་ཡོང་བའི་རྨས་མ་རྣམས་ལ་འཚམས་འདྲི་ཞུས་པར་མ་ཟད་རྨས་མར་སྨན་བཅོས་བྱས་པའི་གནས་ཚུལ་རྒྱུས་ལོན་མཛད།
ཧྭ་ཞི་སྨན་ཁང་དུ་ལིས་ཁི་ཆང་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་ནས་བསྐྱལ་ཡོང་བའི་རྨས་མ་རེ་རེ་ཡི་མདུན་དུ་ཕེབས་ཏེ་ཁོ་ཚོའི་འགྲམ་དུ་ཡོད་པའི་ནད་གཡོག་མ་བརྒྱུད་ནས་རྨས་མའི་གནས་ཚུལ་དང་སྨན་བཅོས་བྱས་པའི་གནས་ཚུལ་ཞིབ་འདྲི་མཛད། རྨས་མ་ཡང་ཧྲང་མེན་དང་གླེང་མོལ་བྱེད་སྐབས་ལིས་ཁི་ཆང་གིས་ཁྱོད་ཀྱིས་སེམས་བདེ་ལ་ཕབས་ནས་སྨན་བཅོས་བྱེད་དགོས་པ་དང་། ས་འགུལ་གནོད་ཐེབས་ས་ཁུལ་གྱི་རྨས་མར་སྨན་བཅོས་བྱེད་པའི་འགྲོ་གྲོན་ཚང་མ་སྲིད་གཞུང་གིས་བཏང་ནས་ཁྱོད་ཚོར་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་པར་ཁག་ཐེག་བྱེད་ངེས་ཡིན་ཞེས་གསུངས།
ཧྭ་ཞི་སྨན་ཁང་དུ་ལིས་ཁི་ཆང་གིས་སྨན་པ་དང་ནད་གཡོག་མ་རྣམས་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཚམས་འདྲི་གནང་བ་བརྒྱུད་སྒྲོག་མཛད། ཁོང་གིས་གསུངས་རྒྱུར། སྨན་ཁང་འདི་ལ་རྨས་མ་ལྗིད་མོ་གང་མང་བསྡུ་ལེན་བྱས་ཡོད་པས་ཚང་མས་ནུས་ཤུགས་ཡོད་རྒུ་བཏོན་ནས་མྱུར་སྐྱོབ་བྱེད་དགོས་པ་དང་། ཁྱོད་ཚོའི་ལས་འགན་ལྗིད་ཅིང་བྱ་བར་བྲེལ་འཚུབ་ཆེ་ནའང་ཁྱོད་ཚོས་སྨན་པའི་ཀུན་སྤྱོད་བཟང་བོ་དར་སྤེལ་བྱེད་པ་དང་སྨན་བཅོས་བྱ་བ་བཟང་བོར་བསྒྲུབ་ནས། རྨས་མ་རྣམས་སྔ་མོ་ནས་སྨན་ཁང་ནས་ཕྱིར་འབུད་ཐུབ་པར་བདག་ལ་ཡིད་ཆེས་ཡོད་གསུངས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10