ཞི་ཅིན་ཕིན་གྱིསH7N9སྔོན་འགོག་ཚོད་འཛིན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-04-22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིན་གྱིསH7N9བྱ་རིགས་ཆམ་རིམས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་གལ་ཆེའི་མཛུབ་སྟོན་གནང་ནས། ས་གནས་ཁག་དང་ཚན་པ་ཁག་གིས་རིམས་ནད་གནས་ཚུལ་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱབ་ནས། མི་དམངས་མང་ཚོགས་ཀྱི་བཟའ་རིགས་བདེ་འཇགས་དང་ཚེ་སྲོག་བདེ་འཇགས་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་པ།

རང་རྒྱལ་གྱི་ས་ཁུལ་ཁག་ཅིག་ཏུ་མིརH7N9བྱ་རིགས་ཆམ་རིམས་འགོས་པའི་གནས་ཚུལ་ཐོན་ཚུན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་དོན་དེའི་ཐད་ཚད་མཐོའི་མཐོང་ཆེན་གནང་ནས། གལ་ཆེའི་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་བ་དང་། ས་གནས་ཁག་དང་ཚན་པ་ཁག་གིས་དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་དེ་རིམས་ནད་རྒྱ་ཡན་དུ་འགྲོ་རྒྱུར་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གནས་ཚུལ་ལ་དམིགས་ནས། ཞི་ཅིང་ཕིང་གིས་སྤྱི་ཟླ4བའི་ཚེས19ཉིན་སླར་ཡང་མཆན་བཀོད་མཛུབ་སྟོན་གནང་ནས། ས་གནས་ཁག་དང་ཚན་པ་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཐོག རིམས་ནད་གནས་ཚུལ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རིམས་ནད་ཐོན་པའི་ས་ཁུལ་གྱིས་ནད་པ་སྐྱོབ་བཅོས་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བཞག་ནས་ནད་པ་ཤི་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་ཆབས་ཅིག རིམས་ནད་རིག་པའི་ལྟ་ཞིབ་དང་ཞིབ་འཇུག་ཡག་པོ་བྱས་ཏེ་འགོས་ནད་འབྱུང་ཁུངས་ཚོད་འཛིན་ནན་པོ་བྱེད་དགོས་པའི་ནན་བཤད་གནང་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ཡ་ཨན་ས་ཡོམ་ཐད་ཆུ་ཚོད24ཡི་མི་སྐྱོབ་པའི་དུས་ཚོད་ཡག་ཤོས་དམ་འཛིན་བྱེད་དགོས་ཞེས་གསུངས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་རྩྭ་ས་ཇེ་ཞན་དུ་གྱུར་པས་མུའུ་ཁྲིའི་ལྗང་འཛུགས་སྤྱི་ཕན་ལས་གཞིའི་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།