2013-04-21
ཁྲིན་ཏུའུ་ཆིན་དབྱང་ས་ཁུལ་མཁར་ནུབ་སྡོད་ཁུལ་གྱི་སྡོད་དམངས་རྣམས་གནས་སྐབས་སུ་ཁང་པའི་ནང་འགྲོ་མི་ཕོད་པར་བསྡད་ཡོད་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་དུས་ཚོད་ཀྱི2013ལོའི་ཟླ4བའི་ཚེས20ཉིན་གྱི་ཞོགས་པའི་དུས་ཚོད8དང་སྐར་མ2སྟེང་ཟི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དུ་ཚད་རིམ7གྱི་ས་འགུལ་བྱུང་བ་དང་ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ13ཡོད་པ་རེད།
ཞིན་ཧྭ་གསར་འགྱུར་འགྱུར་ཁང་གི་གསར་འགོད་པས་ཡུལ་དངོས་ནས་བཀོད་པའི་གསར་འགྱུར་ལྟར་ན། ཁྲིན་ཏུའུ་གྲོང་ཁྱེར་གྱི་སྡོད་དམངས་རྣམས་ལ་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་ཞིང་། ཞོགས་པའི་དུས་ཡིན་པའི་དབང་གིས་མི་སྐོར་ཞིག་ས་འགུལ་བྱུང་བ་དང་བསྟུན་ནས་མྱུར་དུ་མལ་ལས་ལངས་པ་དང་མི་མང་པོ་ཞིག་ཁྱིམ་ལས་ཕྱིར་བུད་དེ་ས་སྟོང་གི་གནས་སུ་བྲོས།
གནས་དེའི་སྡོད་དམངས་རྣམས་ཀྱིས་བཤད་པ་ལྟར་ན། ས་འགུལ་བྱུང་བ་དང་བསྟུན་ནས་ཁྱིམ་གྱི་ཅ་ལག་དང་དངོས་པོ་སོགས་སར་ལྷུང་ཟེར། ལོ་ན60ལྷག་ཡིན་པའི་རྒན་པོ་ཞིག་གིས་བཤད་རྒྱུར། ཐེངས་འདིའི་ས་འགུལ་གྱི་ཚོར་སྣང་དེ2008ལོའི་ས་འགུལ་གྱི་ཚོར་སྣང་ལས་དྲག་པ་དང་། ས་འགུལ་གྱི་འདར་ཡོམ་དེ་སྐར་ཆ་བཅུའི་ཡས་མས་སུ་རྒྱུན་བསྲིངས་ཟེར།
སྡོད་དམངས་སྐོར་ཞིག་གིས་ས་འགུལ་བྱུང་ནས་སྐར་མ་བཅུ་ལྷག་གི་རྗེས་སུ་ཡང་བསྐྱར་ས་འགུལ་ཆུང་བ་བྱུང་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10