ཞི་ཅིན་ཕེན་དང་ལིས་ཁི་ཆང་རྣམ་གཉིས་ཀྱིས་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་དུ་རི་ཉིལ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    2013-04-01

ཟླ3པའི་ཚེས29ཉིན་གྱི་ཞོགས་པར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་མལ་གྲོ་གུང་དཀར་རྫོང་དུ་ཡོད་པའི་ཀྲུང་གོ་གསེར་གཏེར་སྡེ་ཚོགས་ཀུང་ཟིའི་ཁོངས་སུ་གཏོགས་པའི་དཔའ་ཐེ་ལོང་གཏེར་ལས་གསར་སྤེལ་ཀུང་ཟིའི་རྒྱ་མ་གཏེར་ཁུལ་དུ་གཞི་ཁྱོན་ཆེན་པོའི་རི་ཉིལ་ནས། ཐོག་མའི་བསྡོམས་རྩིས་ལྟར་ན་ལས་བཟོ་བ83རིའི་འོག་ཏུ་མནན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཕྱི་རྒྱལ་དུ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆཱང་རྣམ་གཉིས་ཀྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། སྟོབས་ཤུགས་གང་ཡོད་བཏོན་ནས་རིའི་འོག་ཏུ་མནན་པའི་མི་སྣ་མྱུར་སྐྱོབ་བྱེད་པ་དང་ཡང་བསྐྱར་གནོད་འཚེ་འབྱུང་བར་གཏན་འགོག་བྱེད་དགོས་ལ། རིའི་འོག་ཏུ་མནན་པའི་མི་གྲངས་ཞིབ་རྩིས་ནན་མོ་བྱེད་པ་དང་རི་ཉིལ་བའི་རྒྱུ་རྐྱེན་རྩད་གཅོད་ཞིབ་མོ་བྱེད་དགོས་པར་མ་ཟད། འདས་འཇུག་གི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པའི་ཐུགས་རེ་བཏོན། ཡུས་ཀྲིན་ཧྲིན་དང་ལིག་ཡུན་ཧྲན། ཀྲང་ཀའོ་ལིས། ལིག་ཆི་པའོ། ཏུའུ་ཆིན་ལིན། གོ་ཧྲིན་ཁུན། ཝང་ཡུང་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་ཀྱང་མཆན་བཀོད་མཛུབ་སྟོན་གནང་།

མིག་སྔར། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་ཁེ་ལས་བཅས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒུབ་སྐྱོབ་བྱ་བ་སྒྲུབ་བཞིན་ཡོད་པ་དང་། བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་དང་རྒྱལ་ཁོངས་ཐོན་ཁུངས་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་པས་བྱ་བའི་ཚན་ཁག་ཁྲིད་དེ་ཡུལ་དངོས་ལ་སོང་ནས་རྒུབ་སྐྱོབ་བྱ་བར་མཛུབ་སྟོན་བྱེད་བཞིན་ཡོད། །

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཨེ་ཅིབ་ཀྱི་ཙུང་ཐུང་མུའུ་ཨར་ཞི་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ལིག་ཡུན་ཧྲན་གྱིས་ཐེན་ཅིན་གྲོང་ཁྱེར་དུ་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།