ཞི་ཅིན་ཕེན་གྱིས་ཝུ་ཀན་ཏ་ཡི་ཙུང་ཐུང་མུའུ་སེ་ཝེ་ཉི་དང་མོ་ཙམ་པི་ཁིའི་ཙུང་ཐུང་ཀི་པུའུ་ཀྲ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཧེ་ཨར་མ་ལིས་ཡ་མུའུ་བཅས་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-04-01

ཞི་ཅིན་ཕེན་གྱིས་ཝུ་ཀན་ཏ་ཡི་ཙུང་ཐུང་མུའུ་སེ་ཝེ་ཉི་དང་མོ་ཙམ་པི་ཁིའི་ཙུང་ཐུང་ཀི་པུའུ་ཀྲ། ཨེ་ཙེ་ཨོ་ཕི་ཡའ

ཟླ3པའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་ཧྥེ་རི་ཁའི་ཏི་པན་ནས་ཝུ་ཀན་ཏ་ཡི་ཙུང་ཐུང་མུའུ་སེ་ཝེ་ཉི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཝུ་ཀན་ཏ་ཡི་ཙུང་ཐུང་མུའུ་སེ་ཝེ་ཉི་དང་མོ་ཙམ་པི་ཁིའི་ཙུང་ཐུང་ཀི་པུའུ་ཀྲ། ཨེ་ཙེ་ཨོ་ཕི་ཡའ
ཟླ3པའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་ཧྥེ་རི་ཁའི་ཏི་པན་ནས་མོ་ཙམ་པི་ཁིའི་ཙུང་ཐུང་ཀི་པུའུ་ཀྲ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཝུ་ཀན་ཏ་ཡི་ཙུང་ཐུང་མུའུ་སེ་ཝེ་ཉི་དང་མོ་ཙམ་པི་ཁིའི་ཙུང་ཐུང་ཀི་པུའུ་ཀྲ། ཨེ་ཙེ་ཨོ་ཕི་ཡའ
ཟླ3པའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་ཧྥེ་རི་ཁའི་ཏི་པན་ནས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཧེ་ཨར་མ་ལིས་ཡ་མུའུ་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས28ཉིན་ཨ་ཧྥེ་རི་ཁའི་ཏི་པན་ནས་ཝུ་ཀན་ཏ་ཡི་ཙུང་ཐུང་མུའུ་སེ་ཝེ་ཉི་དང་མོ་ཙམ་པི་ཁིའི་ཙུང་ཐུང་ཀི་པུའུ་ཀྲ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཧེ་ཨར་མ་ལིས་ཡ་མུའུ་བཅས་ལ་མཇལ་འཕྲད་གནང་།

    ཞི་ཅིན་ཕེན་གྱིས་མུའུ་སེ་ཝེ་ཉི་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཝུ་ཀན་ཏ་ཕྱོགས་ཀྱིས་སེམས་ཁུར་བྱེད་པའི་མཉམ་ལས་ལས་གཞི་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྙིང་སྟོབས་གཞིར་བཟུང་སྟེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུ་ཀན་ཏ་དང་བཅས་པའི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་དུ་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མངའ་ཁོངས་བརྒལ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ཏེ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་གྲོས་གཞི་དངོས་འབེབས་བཟང་བོ་བྱེད་འདོད་ཡོད་ཟེར།

    ཞི་ཅིན་ཕེན་གྱིས་ཀི་པུའུ་ཀྲ་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། དུས་སྐབས་གསར་བར་ཕྱོགས་གཉིས་ཀར་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཧུར་ཐག་སྒོས་མོ་ཙམ་པི་ཁིའི་འཕེལ་རྒྱས་ཁྱབ་ཁོངས་གཙོ་བོར་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་རྒྱལ་ཁབ་དང་མཉམ་དུ་མངའ་ཁོངས་དྲ་འབྲེལ་ལས་གཞི་ལག་བསྟར་བྱེད་པར་འཚོལ་ཞིབ་བྱས་ཏེ། གླིང་ཆེན་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

    ཞི་ཅིན་ཕེན་གྱིས་ཧེ་ཨར་མ་ལིས་ཡ་མུའུ་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འདུ་ཤེས་གཅིག་འདྲ་ཡིན་པ་དང་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ཀྱི་ལྟ་ཚུལ་ཡང་གཅིག་འདྲ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་བྱེད་པ་དང་། དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་བར་གྱི་འབྲེལ་བ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། གླིང་ཆེན་ཨ་ཧྥེ་རི་ཁ་ཞི་བས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར། །

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཏི་པན་ནས་རྒྱ་གར་གྱི་ཙུང་ལི་ཞིན་ཀི་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞོགས་ཟས་གསོལ་སྟོན་ལ་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།