མཚོ་སྔོན་པོའི་རྒྱ་ཁྱོན་ལོ་ལྔའི་རིང་ཞི་ཧུའུ་མཚེའུ་ཆེ་ཆུང་དྲུག་ཙམ་འཕར།

        2013-03-21

2005ལོར།  རྒྱལ་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར75བཏང་སྟེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཨར་ལས་ལག་ལེན་བསྟར་བ།  མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པར་བརྒྱུད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཞན་དུ་འགྲོ་ཚུལ་ཕན་ནུས་ལྡན་པའི་སྒོས་བཀག་སྡོམ་བྱས་སྟེ་ཕན་ནུས་མངོན་གསལ་དོད་པོ་ཐོན།  དུས་མཚུངས་སུ།  མཚོ་སྔོན་པོས་བསྟུད་མ་ལོ་དགའི་ཆུ་གནས་མཐོ་རུ་ཕྱིན་ནས་ཆུ་ཚད་འཕར་སྣོན་བྱུང་བ།  2012ལོར་མཚོ་སྔོན་པོའི་རྒྱ་ཁྱོན་ནི་སྟོང་སྨི་གྲུ་བཞི4354.28ཡིན་པ་དེ2008ལོའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི4317.69ལ་འཕར་ནས་ལོ5ཡི་ནང་ཞི་ཧུའུ་མཚེའུ་ཆེ་ཆུང་དྲུག་ཙམ་འཕར་ཡོད།
  • ལེ་ཚན་སྔོན་མ།:ཧྭ་ཞི་གྲོང་གི་སྔོན་མའི་ཏང་ཨུའི་ཧྲུའུ་ཅི་ཝུའུ་རེན་པའོ་སྐུ་གཤེགས།
  • ལེ་ཚན་རྗེས་མ།:གནའ་བོའི་བོད་ཡིག་དེ་གློག་རྡུལ་དུས་རབས་སུ་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།