མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-18
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་།
ཀྲང་ཏི་ཅང་། ཕོ། རྒྱ་རིགས། 1946ལོའི་ཟླ11པར་སྐྱེས། ལེའོ་ཉིན་ཞིང་ཆེན་ཐའེ་ཨན་ས་ཆའི་མི་ཡིན། 1968ལོའི་ཟླ11པར་བྱ་བར་ཞུགས། 1971ལོའི་ཟླ1པོར་ཏང་ནང་དུ་ཞུགས། ཁྲའོ་ཞན་ཅིན་རི་ཁྲིན་ཕྱོགས་བསྡུས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་སྡེ་ཁག་ནས་མཐར་ཕྱིན་པ་དང་། སློབ་གྲྭ་ཆེན་མོ་བའི་ཐོབ་ཐང་ཡོད།
ད་ལྟ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་དང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་བཞེས་ཡོད།
1968ལོ་ནས1970ལོའི་བར་དུ། ཅི་ལིན་ཞིང་ཆེན་བང་ཆིན་རྫོང་ལོ་ཙི་ཀུག་ཀུང་ཧྲེའི་ཐའེ་ཕེན་རུ་ཆེན་ནས་ན་གཞོན་ཡོན་ཏན་པ་ཞིང་སྡེར་འགྲོ་བའི་བྱ་འགུལ་ལ་ཞུགས།
1970ལོ་ནས1972ལོའི་བར་དུ། ཅི་ལིན་ཞིང་ཆེན་བང་ཆིན་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་ཚན་ཆུང་གི་ལས་འཛིན་པ་དང་ལས་ཁུངས་ཀྱི་གུང་གཞོན་ཚོགས་པའི་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར།
1972ལོ་ནས1975ལོའི་བར་དུ། ཡན་པེན་སློབ་ཆེན་ཁྲའོ་ཞན་སྐད་ཡིག་སྡེ་ཁག་ནས་ཁྲའོ་ཞན་གྱི་སྐད་ཡིག་ཆེད་ལས་སྦྱངས།
1975ལོ་ནས1978ལོའི་བར་དུ། ཡན་པེན་སློབ་ཆེན་ཁྲའོ་ཞན་སྐད་ཡིག་སྡེ་ཁག་གི་ཏང་ཙུང་ཀྲིའི་ཧྲུའུ་ཅི་གཞོན་པ་དང་། སློབ་གྲྭའི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བཅས་ཀྱི་འགན་འཁུར།
1978ལོ་ནས1980ལོའི་བར་དུ། ཁྲའོ་ཞན་ཅིན་རི་ཁྲིན་ཕྱོགས་བསྡུས་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་སྡེ་ཁག་ནས་སློབ་སྦྱོང་བྱས་པ་དང་། ཕྱི་འགྲིམ་སློབ་མའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར།
1980ལོ་ནས1983ལོའི་བར་དུ། ཡན་པེན་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་སློབ་གཙོ་གཞོན་པའི་འགན་འཁུར།
1983ལོ་ནས1985ལོའི་བར་དུ། ཅི་ལིན་ཞིང་ཆེན་ཡན་ཅི་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཡན་པེན་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་ཞོར་དུ་ཡན་ཅི་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར།
1985ལོ་ནས1986ལོའི་བར་དུ། ཅི་ལིན་ཞིང་ཆེན་ཡན་པེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར།
1986ལོ་ནས1990ལོའི་བར་དུ། དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པའི་འགན་འཁུར།
1990ལོ་ནས1995ལོའི་བར་དུ། ཅི་ལིན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞོར་དུ་ཡན་པེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར།
1995ལོ་ནས1998ལོའི་བར་དུ། ཅི་ལིན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་འཁུར།
1998ལོ་ནས2002ལོའི་བར་དུ། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར།
2002ལོ་ནས2007ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར།
2007ལོ་ནས2008ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་གྱི་འགན་འཁུར།
2008ལོ་ནས2012ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མིའི་འགན་འཁུར།
2012ལོར་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། ཁྲོན་ཆིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར།
ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་བཅུ་གསུམ་ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་འཁུར།
ཉིས་སྟོང་བཅུ་གསུམ་ལོར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབ་སབཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་འཁུར།
སྐབས་བཅུ་བཞི་བའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅོ་ལྔ་བ་དང་སྐབས་བཅུ་དྲུག་པ། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བཅས་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10