བོད་ལྗོངས་ཀྱི་དཔེ་སྐྲུན་ལས་གཞིར་སྒོར་ཁྲི1700ལྷག་གི་རོགས་དངུལ་ཐོབ་པ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2013-03-14

 རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་གནང་བ་བརྒྱུད། བོད་ལྗོངས་ཀྱི་པར་སྐྲུན་ལས་གཞི་དགུར2013ལོའི་ལོ་འཁོར་གྱི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རོགས་དངུལ་ཐོབ་ཡོད་པ་དང་། དེ་དག་ནི།《བོད་ཀྱི་འཁྲབ་གཞུང་བརྒྱད་ཀྱི་མུ་སྦྲེལ་པར་རིས》དང་།《བོད་ཀྱི་ཆོས་ལུགས་ལོ་རྒྱུས་རིག་གནས》《པར་དུ་བླངས་པའི་བོད་ཀྱི་གསོ་རིག་གཅེས་ཉར་གནའ་དཔེ》《ཐང་ག་དབྱེ་ཉར》《ཕོ་བྲང་པོ་ཏ་ལ》《གེ་སར་རྒྱལ་པོའི་སྒྲུང་གླུ་གཅེས་སྒྲིག》《མི་སེམས་འགུལ་བའི་བོད་ལྗོངས་ཀྱི་མི་སྣ60ཡི་ཆེད་བྲིས》《བོད་ལྗོངས་ཀྱི་དམངས་སྲོལ》《བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལེའུ་དང་པོ》བཅས་ཡིན་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི1714.59བཏང་ཞིང་། འདི་ནི་ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱི་དཔེ་སྐྲུན་ལས་གཞིའི་ཐད་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩས་རོགས་དངུལ་མང་ཤོས་གནང་བ་ཞིག་རེད།

རྣམ་གྲངས་དེ་དག་ཡིག་ཐོག་སྙན་ཞུ་འབུལ་བའི་བརྒྱུད་རིམ་ནང་། བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡིས་བོད་ལྗོངས་ཀྱི་ཕུལ་བྱུང་དཔེ་སྐྲུན་དངོས་པོའི་ཐད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་གྱི་གོ་སྐབས་དམ་འཛིན་བྱས་ནས་ཧུར་བརྩོན་ཆེན་པོས་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་འཆར་འགོད་དོ་དམ་གཞུང་དོན་ཁང་གི་ཆེད་ལས་མཁས་དབང་བོད་དུ་རྣམ་གྲངས་སྙན་ཞུའི་ལས་དོན་སྣེ་ཁྲིད་ལ་བཀོད་སྒྲིག་བྱས་པར་མཐུན་སྦྱོར་གང་ལེགས་བྱས་ནས་གོང་འོག་ཚང་མ་དང་སྙན་ཞུ་འབུལ་བ། འོས་སྦྱོར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ལྗོངས་ནང་ཁུལ་གྱི་དཔེ་སྐྲུན་ཚན་པ་བཞིས་སྙན་ཞུ་ཕུལ་བའི་རྣམ་གྲངས་ཁག་ལ་ཆེད་མངགས་ཞིབ་འཇུག་དང་གཅིག་འགྱུར་བསམ་གཞིགས། ར་སྤྲོད་ཡང་ཡང་བཅས་བྱས་ནས་རེ་ཞུའི་རྣམ་གྲངས་བདེ་ལྷག་ངང་ཞིབ་བཤེར་མཆོག་མཆན་ཐོབ་རྒྱུ་འགན་ལེན་བྱས་ཡོད་པ་རེད།

ཉེ་བའི་ལོའི་རིང་། བོད་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་རྩེར་སོན་གྱི་བརྩམས་བྱ་གསར་གཏོད་དང་ཐོན་སྐྱེད་ཐད་སྣེ་ཁྲིད་བྱ་རྒྱུར་མཐོང་ཆེན་བྱས་ནས་ཚན་རིག་གི་ནང་དོན་འདེམས་པའི་ཇུས་འགོད་ལམ་ལུགས་ཆ་ཚང་བཟོས་ཏེ་དཔེ་སྐྲུན་ནང་དོན་ལ་བློ་རྩེ་གཅིག་སྒྲིམ་གྱིས་ཇུས་འགོད་བྱས་ནས《མི་དམངས་ཀྱི་བོད་ལྗོངས་གསར་པ》ཞེས་པ་དང《བོད་ཀྱི་རྨད་བྱུང་སྲོལ་རྒྱུན་ལག་རྩལ》སོགས་རྩེར་སོན་གྱི་བརྩམས་བྱ་བཏོད་ཡོད་པ་རེད།  །

 
0
  • ལེ་ཚན་སྔོན་མ།:རེས་སྐོར་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་བྱེད་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུ
  • དོ་སྣང་ཆེ་བའི་རྩོམ།