ཀྲུང་གོ་བོད་ཀྱི་དྲ་བ། 2013-03-08
མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་སེམས་ཀྱི་ཉི་ཟླ་རྫོང་དུ་གསར་སྐྲུན་རྣམ་གྲངས་བསྡོམས་པས100དང་། མཐུད་འཛུགས་རྣམ་གྲངས47བཅས་ཡོད་ལ། འཆར་འགོད་ལྟར་མ་དངུལ་སྒོར་དུང་ཕྱུར98གཏོང་རྒྱུ་རེད། དཔལ་འབྱོར་ཐད་ཀྱི་དམིགས་ཚད་བདེ་བླག་ངང་ལེགས་འགྲུབ་འབྱུང་ཆེད། སེམས་ཀྱི་ཉི་ཟླ་རྫོང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་བཏང་ཞིང་། རྣམ་གྲངས་ལག་བསྟར་ལམ་ལུགས་དང་ལྟ་ཞིབ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནན་ཏན་སྒོས་གཏན་འཇགས་མ་དངུལ་གཏོང་བ་དང་གཙོ་གནད་རྣམ་གྲངས་མཐུན་སྦྱོར་ལམ་ལུགས་ལག་བསྟར་བྱེད་པ་སོགས་ནུས་ཤུགས་ཡོད་ཚད་སྒོས་འཕེལ་རྒྱས་ཐད་ཀྱི་དཀའ་གནད་བསལ་བ་རེད།
མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་བྱེད་ཆེད། སེམས་ཀྱི་ཉི་ཟླ་རྫོང་གིས་སྲོལ་རྒྱུན་ཐོན་ལས་དང་། ཁྱད་ལྡན་ཐོན་ལས་ལ་ཁ་ཕྱོགས་ཏེ། རྒྱལ་ཁབ་ཀྱིས་ཐོན་ལས་སྲིད་ཇུས་ལག་བསྟར་ལེགས་པོ་བྱེད་པའི་དུས་མཚུངས་སུ། རྒྱུན་ཆད་མེད་པར་ཐོན་ལས་ཐད་མ་དངུལ་གཏོང་བའི་གོམ་ཁ་ཇེ་མགྱོགས་སུ་བཏང་། ད་ལོར་ཚོང་འགུག་རྣམ་གྲངས་དང་ཁེ་ལས་ལ་འཆར་གཞི་ལྟར་མ་དངུལ་སྒོར་དུང་ཕྱུར77གཏོང་རྒྱུ་ཡིན་པ་དང་། དམིགས་འབེན་འདི་ལེགས་འགྲུབ་འབྱུང་ཆེད། སེམས་ཀྱི་ཉི་ཟླ་རྫོང་གིས་སྔར་ལས་ལྷག་པར་ཚོང་འགུག་ནང་འདྲེན་གྱི་ཁ་ཕྱོགས་ས་དང་། ཕན་ནུས་རང་བཞིན་ཐད་ཤུགས་སྣོན་པ་བརྒྱུད། རྣམ་གྲངས་ཀྱི་ལག་བསྟར་བྱས་ཚད་དང་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བར་མཐོར་འདེགས་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10