ཝུའུ་པང་གོ་ཨོ་མིན་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་བཙུགས་ཏེ་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་གསོལ་སྟོན་ལ་ཞུགས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-02-25

ཝུའུ་པང་གོ་ཨོ་མིན་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་བཙུགས་ཏེ་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་གསོལ་སྟོན་ལ་ཞུགས་པ།

ཟླ2པའི་ཚེས21ཉིན། ཝུའུ་པང་གོ་ཨོ་མིན་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་བཙུགས་ཏེ་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་གསོལ་སྟོན་ལ་ཞུགས་པ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་མིན་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་བཙུགས་ཏེ་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་གསོལ་སྟོན་དེ་ཟླ2པའི་ཚེས21ཉིན་གྱི་དགོང་མོར་ཨོ་མིན་ནས་བཤམས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་གསོལ་སྟོན་ལ་ཞུགས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲིག་ཐུས་ནོང་དང་། ཨོ་མིན་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ཀྱི་འགན་འཁུར་པ་སོགས་ཀྱིས་རྟེན་འབྲེལ་གསོལ་སྟོན་སྟེང་ཤིས་ཚིག་ཕུལ།

ཨོ་མིན་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་དེ1913ལོར་བཙུགས་པ་ཡིན་ལ། དེ་ནི་ཨོ་མིན་རྒྱལ་གཅེས་ཨོ་གཅེས་ཚོགས་པའི་ཁྲོད་ཀྱི་ཆེས་ཚབ་བྱེད་རང་བཞིན་དང་སྤྱི་ཚོགས་ཤུགས་རྐྱེན་ཆེ་བའི་སྤྱི་ཚོགས་ཚོགས་པ་གྲས་ཀྱི་གཅིག་ཡིན།

ཉིན་དེའི་ཕྱི་དྲོར། ཝུའུ་པང་གོ་སོགས་དྭང་ཙེ་གླིང་ཕྲན་ཀོན་ཡེ་སྲང་ལམ་དུ་ཕེབས་ཏེ། ས་དེའི་མང་ཚོགས་དང་གནས་སྐོར་པར་འབྲེལ་འདྲིས་བྱས། ཁོང་གིས་ད་དུང་ཨོ་མིན་གྲོང་ཁྱེར་འཕེར་རྒྱས་འཆར་འགོད་ཡར་ཞུ་ལ་ཉན།  ། 

  • ལེ་ཚན་སྔོན་མ།:བོད་ཀྱི་སྲོལ་རྒྱུན་ལོ་གསར་དར་ཚུལ་སྐོར་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:ཞིན་ཧྭ་རྫོང་གིས་ལོ་གསར་སྐབས་ཀྱི་གནས་སྐོར་ཡོང་འབབ་སྒོར་ཁྲི507མངོན་འགྱུར་བྱས་བ།
  • དོ་སྣང་ཆེ་བའི་རྩོམ།