ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-01-31
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་དམངས་སྲིད་གཞུང་གི་གཙོ་དཔོན་གཞོན་པ་བསོད་ནམས་རྡོ་རྗེ།
ཉེ་ལམ། ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་འཕེལ་རྒྱས་ཡར་སྐུལ་ཚོགས་པ་དང་། ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་གཉིས་མཉམ་འབྲེལ་སྒོས་སྤེལ་བའི་སྐབས་གཉིས་པའི་ཀྲུང་གོའི་ནུབ་རྒྱུད་སྐར་ཆེན་ཞེས་པ་དང་། 2012ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་མི་སྣ་འཚོལ་བའི་བྱ་འགུལ་ཁྲོད། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་དམངས་སྲིད་གཞུང་གི་གཙོ་དཔོན་གཞོན་པ་བསོད་ནམས་རྡོ་རྗེ་ནི་སྐབས་གཉིས་པའི་ཀྲུང་གོའི་ནུབ་རྒྱུད་སྐར་ཆེན་དུ་བདམས་པ་རེད།
བྱ་འགུལ་འདིའི་དམིགས་ཡུལ་ནི་ནུབ་རྒྱུད་གསར་སྤེལ་དང་ནུབ་རྒྱུད་སྒོ་འབྱེད་ཀྱི་མདུན་སྐྱོད་གོ་རིམ་ཁྲོད་རང་ཉིད་བློས་གཏོང་ཐུབ་པའི་ཕུལ་བྱུང་མི་སྣ་མིག་དཔེ་རུ་འཛིན་པའི་ནུས་ཤུགས་ལས་ནུབ་རྒྱུད་གསར་སྤེལ་གྱི་ལས་དོན་བདེ་བླག་ངང་འཕེལ་རྒྱས་བྱེད་པར་སྣེ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ལ། འདིས་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་དངོས་ཡོད་དང་རྒྱང་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10