སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་ཚོགས་འགོ་ཚུགས།

(སྒྲོལ་མ་ཚེ་མཚོས་བསྒྱུར།)        2013-01-28

ཝང་ཏུང་མིང་དང་ཅང་ཅུས་ཧྥེང་།ཐའོ་ཝུའུ་ཞན།ཝེ་ཧུང་།ཝང་ཙེང་པིང་སོགས་ཚོགས་ཐོག་ཕེབས་ནས་རྟེན་འབྲེལ་ཞུས།ལི་ཁྲུང་ཞི་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།ཡོན་ཡུང་ཧོ་ཡིས་སྐབས་བཅུ་པའི་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སེང་ཞུས།ཧོང་རུའེ་ཆིའུ་ཡིས་གྲོས་གཞི་ལས་ཀ་བསྒྲུབས་ཚུལ་ཞུས།
ཟླ་བ་དང་པོའི་ཚེས23ཉིན་གྱི་སྔ་དྲོར།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་དེ་ཁྲེང་ཏུའུ་ཅིན་ཉིའུ་མགྲོན་ཁང་དུ་ཚོགས་འགོ་ཚུགས་པ་རེད།ཚོགས་ཡུན5ཉིན་ཡིན་པ།ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན800ལྷག་ཙམ་གྱིས་ནན་ཏན་གྱིས་ལས་འགན་བསྒྲུབས་ནས་སི་ཁྲོན་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་མགྱོ གས་པོ་ཡོང་བ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་དགེ་མཚན་ལྡན་པའི་ཐབས་ཇུས་བློ་འདོན་གནང་བ་རེད།
ཚོགས་ཆེན་འཚོགས་སྐབས་འབྱོར་དགོས་པའི་ཨུ་ཡོན886ཡིན་པ།དངོས་སུ་འབྱོར་མཁན861ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཁྲུང་ཞི།ཡོན་ཡུང་ཧོ།ཀྲང་ཡུས་ཏུང་།ཧོང་རུའེ་ཆིའུ།ཀའོ་ཧྥེང་།ཚུའེ་པའོ་ཧྭ།ཆིའུ་ཀྲན་དབྱི།དབྱང་ཞི་ཕིང་།ཝང་ཀྲེང་རུང་།ཀྲའོ་ཀྲེན་ཞན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
ཝང་ཏུང་མིང་དང་།ཅང་ཅུས་ཧྥེང་།ཐའོ་ཝུའུ་ཞན།ཝེ་ཧུང་།ཝང་ཙེང་པིང་སོགས་སི་ཁྲོན་ཞིང་ཆེན་དང་ཁྲེང་ཏུའུ་དམག་ཁུལ་དང་སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚོ་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཤིང་ཚོགས་ཆེན་འཚོག་པར་རྟེན་འབྲེལ་ཞུས་པ་རེད།སྔ་དྲོའི་ཆུ་ཚོད10པའི་ཐོག  ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་འཚོག་འགོ་ཚུགས་པ་རེད།
སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར།ཡོན་ཡུང་ཧོ་ཡིས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སེང་ཞུས་པ་རེད།ཁོང་གིས་གསུངས་དོན།ལོ་ལྔའི་རིང་།ང་ཚོས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་གྱིས་ཁྲིད་སྟོན་བྱས་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་ལྟ་བ་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་པ།ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག   རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་།མཐུན་སྒྲིལ་དང་མི་རིགས་ཀྱི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་བྱས་པ་དང་།ལྟེ་བར་དམིགས་པ།ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ།ནན་ཏན་གྱིས་ཆབ་སྲིད་གྲོས་མོལ་དང་།དམངས་གཙོ་ལྟ་སྐུལ།སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་།ཐོག་མཐའ་བར་གསུམ་དུ་ཏང་ཨུ་དང་བློ་སེམས་གཅིག་སྒྲིམ་བྱས་པ།ཐོག་མཐའ་བར་གསུམ་དུ་དངོས་སྒྲུབ་བྱས་ནས་འཕེལ་རྒྱས་ལ་རོགས་འདེགས་བྱས་ནས་འགུལ་འགོག་གནོད་སེལ་དང་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པར་རྒྱལ་ཁ་གལ་ཆེན་འཕྲོག་ལེན་བྱས་ཐོག  ནུབ་རྒྱུད་དཔལ་འབྱོར་འཕེལ་རྒྱས་མཐོ་ས་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མགྱོ གས་པོ་སྐྲུན་པར་བྱས་རྗེས་མངོན་གསལ་བཞག་ཡོད།
མན་ཡུང་ཧོ་ཡིས་གསུངས་དོན།ཕྱིན་ཆད་ཀྱི་ལོ་ལྔའི་རིང་།ཞིང་ཆེན་སྲིད་གྲོས་ལས་ཀའི་བླང་བྱ་ནི།ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་ལྟ་བ་བཅས་ཀྱིས་ཁྲིད་སྟོན་བྱེད་པ།ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག  ནན་ཏན་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་བྱེད་པ།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་།འཕེལ་རྒྱས་མགྱོ གས་པོ་གཏོང་བའི་ལས་དོན་གྱི་ནང་དོན་ཁོང་དུ་ཆུད་པ་བྱེད་པ།ཧུར་ཐག་གིས་འགན་ནུས་ལག་བསྟར་བྱས་ནས་མི་དམངས་སྲིད་གྲོས་དེ་དམངས་གཙོ་གྲོས་མོལ་གྱི་གལ་ཆེ་བའི་ཐབས་ལམ་ཞིག་ཏུ་བརྩིས་ནས་ནུས་པ་འདོན་སྤེལ་བྱས་ནས་འབྲེལ་བ་མཐུན་སྦྱོར་དེ་བས་ཡག་པོ་དང་སྟོབས་ཤུགས་གོང་འགྲིལ་ཡོང་བ།ཐབས་ཇུས་བློ་འདོན་བྱེད་པ།ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ།སྲིད་གྲོས་ལས་ཀའི་རྣམ་པ་གསར་པ་འཕེལ་རྒྱས་བཏང་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མགྱོ གས་པོ་སྐྲུན་པར་འབད་འཐབ་བྱེད་དགོས།
  • ལེ་ཚན་སྔོན་མ།:རྨ་ཁུག་དང་པོའི་བརླན་ས་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གྱུར།
  • ལེ་ཚན་རྗེས་མ།:ཝུའུ་པང་གོ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲོས་ཁང་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་ཉེར་གཅིག་པར་ཞུགས་ནས
  • དོ་སྣང་ཆེ་བའི་རྩོམ།