ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-01-28
བུད་མེད་ཀྱི་བདེ་ཐང་རྒྱུན་ཤེས་ཞེས་པའི་དཔེ་དེབ་འགྲེམ་སྤེལ་བྱས་པ།
ཉེ་ལམ། ཅང་སུའུ་ཞིང་ཆེན་ནད་འགོག་ལྟེ་གནས་ཀྱིས་མ་དངུལ་བཏོན་པ་དང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ནད་འགོག་ལྟེ་གནས་ཀྱིས་རྩོམ་སྒྲིག་དང་། ཡིག་སྒྱུར། པར་འདེད་བཅས་བྱས་པའི་བོད་རྒྱ་སྐད་གཉིས་ཀྱི《བུད་མེད་ཀྱི་བདེ་ཐང་རྒྱུན་ཤེས》ཞེས་པའི་དཔེ་དེབ་པར་དུ་བསྐྲུན། འདི་ནི་མཚོ་ལྷོའི་བོད་ཁུལ་གྱི་བུད་མེད་རྣམས་འཕྲོད་བསྟེན་རྒྱུན་ཤེས་ལ་རྒྱུས་མི་མངའ་བའི་གནད་དོན་ལ་དམིགས་པ་ཡིན་ལ། རྒྱུས་ལོན་པ་ལྟར་ན་དཔེ་དེབ་འདི་མིག་སྔར་བསྟུད་མར་མཚོ་ལྷོ་ཁུལ་གྱི་གྲོང་སྡེ་སོ་སོར་བཀྲམ་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10