ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་གྲུ་གཟིངས་ཀྱིས་ད་ལོའི་ལྷོ་རྒྱ་མཚོའི་ཐོག་ལྟ་ཞིབ་སྐོར་སྐྱོད་བྱེད་འགོ་ཚུགས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-01-24

སྤྱི་ཚེས19ཉིན་གསར་འགོད་པར་རྒྱལ་ཁབ་མཚོ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། སྤྱི་ཟླ1པོའི་ཚེས14ཉིན་ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་གྲུ་གཟིངས84པ་དང74པ་ཀོང་ཀྲོའུ་ནས་རྡོག་ཐོན་བྱས་ཏེ། ལྷོ་རྒྱ་མཚོར་དུས་བཀག་ཐོག་ད་ལོའི་སྐོར་སྐྱོད་ཁྲིམས་འཛིན་གྱི་ལས་འགན་ཐེངས་དང་པོ་སྒྲུབ་འགོ་ཚུགས་ཡོད་པ་རེད།

ཉིན་དེ་རང་ལ་ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་གྲུ་གཟིངས262པ་དང263པ་ཧེ་ནན་སན་ཡ་ནས་རྡོག་ཐོན་བྱས་ཏེ། ཧའི་ལྷོ་རྒྱ་མཚོར་ད་ལོའི་དུས་བཀག་ཐོག་དབང་ཆ་སྲུང་སྐྱོང་གི་སྐོར་སྐྱོད་ཁྲིམས་འཛིན་ལས་འགན་ཐེངས་གཉིས་པ་སྒྲུབ་འགོ་ཚུགས་ཡོད་པ་རེད།

མིག་སྔར་ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་གྲུབ་གཟིངས84པ་དང74པ་ཤི་ཧྲ་ལྷོ་ངོས་ཀྱི་རྒྱ་མཚོའི་ཐོག་འབྱོར་ཟིན་པ་ཟད། མུ་མཐུད་ལྷོ་ངོས་མཚོ་ཁོངས་སུ་སྐོར་ཞིབ་བྱེད་བཞིན་ཡོད་པ་རེད། ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་གྲུ་གཟིངས262པ་དང263པས་བྱང་རྒྱུད་མཚོ་ཁུག་ལ་སྐོར་སྐྱོད་བྱེད་བཞིན་ཡོད་པ་རེད།

སྐོར་སྐྱོད་བྱེད་པའི་བརྒྱུད་རིམ་ནང་ཕྱི་རྒྱལ་གྱི་གྲུ་གཟིངས་རང་རྒྱལ་གྱི་མཚོ་ཁོངས་སུ་འཛུལ་བའི་སྣང་ཚུལ་དང་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་མཐོང་རྒྱུ་མེད་པ་རེད།  །

  • ལེ་ཚན་སྔོན་མ།:སྤྱི་བདེ་པུས་ཤོག་སྦག་དང་ཚོན་ཁྲ་ཅན་གྱི་ཤོག་སྦག་ལ་ཞིབ་བཤེར་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ།
  • ལེ་ཚན་རྗེས་མ།:ད་ལོའི་དཔྱིད་གསར་འགྲུལ་སྐྱེལ་སྐབས་དྲ་ཐོག་ནས་པ་སེ་འཚོང་ཚད་བཅུ་ཆ་དྲུག་ཟིན་པ།
  • དོ་སྣང་ཆེ་བའི་རྩོམ།