རྒྱལ་ཡོངས་ཀྱི་སྤྱི་བདེ་ཐིན་ཀྲང་དང་ཅུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-01-22

རྒྱལ་ཡོངས་ཀྱི་སྤྱི་བདེ་ཐིན་ཀྲང་དང་ཅུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ།
 

ཟླ1པའི་ཚེས19ཉིན། རྒྱལ་ཡོངས་ཀྱི་སྤྱི་བདེ་ཐིན་ཀྲང་དང་ཅུའུ་ཀྲང་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཡོངས་ཀྱི་སྤྱི་བདེ་ཐིན་ཀྲང་དང་ཅུའུ་ཀྲང་གི་གྲོས་ཚོགས་ཚེས19ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། རྒྱལ་ཡོངས་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་རེ་བ་ལྟར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་དགོས་ལ། དེང་སྐབས་ལ་རྐང་འཛུགས་པ་དང་རྒྱང་རིང་ལ་དམིགས་ཏེ། ཧུར་ཐག་སྒོས་བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ། བྱང་ཚད་མཐོ་བའི་དཔུང་སྡེ་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་དང་མི་དམངས་ཀྱིས་གནང་བའི་བླ་མེད་འགན་འཁྲི་ལག་བསྟར་བྱེད་དགོས་པར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་བ་ལེན་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

མིན་ཅན་ཀྲུའུ་ཡིས་བཤད་རྒྱུར། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་དེང་སྐབས་ལ་རྐང་འཛུགས་པ་དང་རྒྱང་རིང་ལ་དམིགས་པ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་བྱ་བ་དེ་སྤྱི་བདེ་བྱ་བའི་ནང་དོན་གཙོ་བོར་བཞག་ནས་དམ་འཛིན་བྱེད་པ་དང་། ཧུར་ཐག་སྒོས་སྤྱི་བདེ་བྱ་བའི་ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཉེན་རྟོག་པ་དང་མང་ཚོགས་བར་དུ་འཆམ་མཐུན་འབྲེལ་བ་འཛུགས་རྒྱུ་དེ་ཆེས་གཞི་རྩའི་བྱ་བར་བཟུང་སྟེ་མང་ཚོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་མང་ཚོགས་ཀྱི་བྱ་བའི་ནུས་ཤུགས་ཇེ་ཆེར་གཏོང་དགོས། ཁྲིམས་འཛིན་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱ་བ་དེ་ཁྲིམས་འཛིན་ཡིད་ཆེས་ནུས་པ་ཇེ་ཆེར་གཏོང་བའི་བྱ་བའི་ནང་དོན་གཙོ་བོར་བཞག་སྟེ་རྒྱ་ཆེའི་མི་དམངས་ཉེན་རྟོག་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཆགས་པར་སློབ་གསོ་གཏོང་དགོས་ལ། ཁྲིམས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་གོ་རིམ་ཚད་ལྡན་དུ་གཏོང་བ། ཁྲིམས་སྐྱོང་དོ་དམ་ལ་ཤུགས་སྣོན་པ། ཁྲིམས་སྐྱོང་ལྟ་རྟོག་ནུས་པ་སྔར་ལས་ཇེ་ཆེར་བཏང་ནས། ཧུར་ཐག་སྒོས་དངོས་ཕུང་དང་གོ་རིམ་ཐད་ནས་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་རྒྱུར་འགན་སྲུང་བྱེད་དགོས་ཟེར།

མིན་ཅན་ཀྲུའུ་ཡིས་བཤད་རྒྱུར། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་བྱ་བའི་ཡུན་རིང་རང་བཞིན་དང་རང་འགུལ་རང་བཞིན། དམིགས་ཡུལ་རང་བཞིན་བཅས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ་བྱ་བའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པ་དང་། གྱོད་གཞི་དང་བདེ་འཇགས་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ལོ་སྐྱིད་པོ་ཞིག་རོལ་བ་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བདེ་བླག་ངང་འཚོགས་པར་བདེ་འཇགས་བརྟན་འཇགས་དང་འཆམ་མཐུན་སྤྲོ་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས་ཟེར།   །


 

  • ལེ་ཚན་སྔོན་མ།:གླུ་བ་བསམ་ཁོས༼བརྩེ་བའི་འགྱུར་ཁུག༽ཅེས་པའི་ཆེད་བསྒྲིགས་འགྲེམ་ལ་ཉེ།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚན་རྩལ་བྱ་དགའི་ཚོགས་ཆེན་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།