ལྷ་ས་གྲོང་ཁྱེར་གྱིས་ཤེས་ལྡན་པ་འབོད་འགུག་བྱེད་པའི་ལས་དོན་ཡག་པོ་སྤེལ་བ།

    བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    2013-01-05

ཉེ་དུས། གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཤེས་ལྡན་པ་འབོད་འགུག་བྱེད་པའི་འབྲེལ་ཡོད་གནད་དོན་ལ་དམིགས་ཏེ་ལྷ་ས་གྲོང་ཁྱེར་གྱིས་སྡོད་ཁང་དང་ཐོབ་ཐང་སོགས་ཐད་ནས་ཤེས་ལྡན་པ་གནས་ཐུབ་པ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་འབོད་འགུག་བྱས་པའི་ཤེས་ལྡན་པའི་སྡོད་ཁང་འགན་སྲུང་བྱ་རྒྱུ་མ་ཟད། དེ་བས་ལེགས་པའི་ཐོབ་ཐང་ཐད་ནས་ཤེས་ལྡན་པ་གནས་ཐུབ་པ་བྱ་རྒྱུ་ཡིན་པ་རེད། ལྷ་ས་གྲོང་ཁྱེར་གྱི་ཤེས་ལྡན་པ་འབོད་འགུག་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཀྱི་ཚོད་ལྟའི་ལག་བསྟར་ཞིབ་སྲོལ་ལ་གཞིགས་ནས་ལྷ་ས་གྲོང་ཁྱེར་གྱིས་ཤེས་ལྡན་པ་འབོད་འགུག་བྱ་རྒྱུ་དེ་སྣེ་འཁྲིད་ཤེས་ལྡན་པ་དང་ཕྱོགས་བསྡུས་ཤེས་ལྡན་པ་སོགས་རིགས་ལྔ་ལ་དབྱེ་རྒྱུ་མ་ཟད། སྐུལ་ལྕག་བྱ་ཐབས་ཁག་བཟོས་པ་དང་རིགས་འདྲ་མིན་གྱི་ཤེས་ལྡན་པའི་དཔལ་འབྱོར་ཐོབ་ཐང་ཁ་གསལ་བཟོས་ཡོད་པ་དང་སྦྲགས་གླ་ཕོགས་ཐོབ་ཐང་གི་སྲིད་ཇུས་ལྷུག་གཏོང་བྱས་ཏེ་གྲོས་མཐུན་གླ་ཕོག་དང་ཡང་ན་ལོ་རེའི་གླ་ཕོག་ལམ་ལུགས་སོགས་བགོས་འགྲེམ་བྱ་ཐབས་ལག་བསྟར་བྱས་ནས་རིགས་འདྲ་མིན་གྱི་ཤེས་ལྡན་པས་ལས་རིགས་འདེམ་པ་དང་མི་བེད་སྤྱོད་བྱེད་མཁན་ཚན་པས་ཤེས་ལྡན་པ་འདེམ་པའི་ཐད་རང་བདག་དབང་ཆ་དེ་བས་མང་བ་ཡོད་པ་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས2012ལོར་འབོད་འགུག་བྱས་པའི་རིགས་འདྲ་མིན་གྱི་ཕུལ་བྱུང་ཤེས་ལྡན་པའི་སྡོད་ཁང་ཐག་གཅོད་བྱ་རྒྱུ་མ་ཟད། གླ་རིན་མི་དགོས་པར་ཁོང་ཚོར་གློག་དང་ཆུ། སོལ་རླངས། དྲ་བ་སོགས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།   །

  • ལེ་ཚན་སྔོན་མ།:ཁ་བ་ཅན་ཞེས་པའི་བོད་ཡིག་ཁ་པར་ཞིག་འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཧྲན་ཞི་ཕུག་ལམ་འགས་འདོར་དོན་རྐྱེན་གྱི་
  • དོ་སྣང་ཆེ་བའི་རྩོམ།