མཚོ་སྔོན་པོ་དྲ་བ། 2013-01-05
ཆོས་དབྱིངས་སྐྱིད2012ལོའི་ཀྲུང་གོའི་ཕུལ་བྱུང་ལུས་རྩལ་པ་བཅུའི་གྲས་སུ་ཚུད།
ཉེ་ལམ། ཞིན་ཧྭ་ཁང་གིས2012ལོའི་ཀྲུང་གོའི་ཕུལ་བྱུང་ལུས་རྩལ་པ་བཅུ་བདམས་ཐོན་བྱུང་ཞིང་། ཐོག་དང་པོར་བོད་རིགས་ལུས་རྩལ་པར་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཐོབ་མཁན་ཆོས་དབྱིངས་སྐྱིད་ཀྱང2012ལོའི་ཀྲུང་གོའི་ཕུལ་བྱུང་ལུས་རྩལ་པ་བཅུའི་གྲས་སུ་ཚུད་པ་རེད།
ལོ22ལ་སོན་པའི་ཆོས་དབྱིངས་སྐྱིད་ཀྱིས2012ལོའི་ལོན་ཏུང་ཨོ་རྩལ་འགྲན་ཚོགས་སུ་ཀྲུང་གོའི་ཨོ་རྩལ་ལོ་རྒྱུས་སྟེང་བོད་རིགས་ལུས་རྩལ་པ་ཐོག་མ་ཡིན་པའི་ཆ་ནས་སྤྱི་ལེ20ཡི་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད་ཆུ་ཚོད1དང་སྐར25། སྐར་ཆ16ཡི་གྲུབ་འབྲས་ལས་ཟངས་ཀྱི་རྟགས་མ་ཐོབ་སྟེ་ཀྲུང་གོའི་བོད་རིགས་ཨོ་རྩལ་བྱ་དགའ་ཐོབ་མཁན་ཐོག་མ་རུ་གྱུར་བ་དང་ཆབས་ཅིག གྲུབ་འབྲས་འདིས་ཡ་གླིང་གི་ཟིན་ཐོ་ལས་བརྒལ་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10