ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་བཞི་བའི་གླུ་དབྱངས་འགྲན་བསྡུར་བྱ་འགུལ་སྤེལ།

    མཚོ་སྔོན་པོ་དྲ་བ།    2012-12-19

ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་བཞི་བའི་གླུ་དབྱངས་འགྲན་བསྡུར་བྱ་འགུལ་སྤེལ།
མདོ་འཛིན་བྱེད་བཞིན་པ།

        སློབ་གྲྭའི་གཟའ་ཉི་མའི་འཚོ་བར་ལྷོད་གཡེང་དང་གསོ་སྣང་གི་རྣམ་པ་ཞིག་བསྐྲུན་ཆེད་དང་། སློབ་རའི་རིག་རྩལ་མཁའ་དབུགས་ལ་ཚོན་མདངས་གསར་བ་ཞིག་སྣོན་ཆེད་དུ། ཟླ12པའི་ཚེས16ཉིན་གྱི་ཕྱི་དྲོར། ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་བཞི་བའི་སློབ་རའི་གླུ་དབྱངས་འགྲན་བསྡུར་ངག་གི་རོལ་མཚོ་ཞེས་པ་དེ་སློབ་གྲྭའི་གླུ་གར་སྟེགས་བུ་རུ་གཟབ་རྒྱས་ངང་སྤེལ། 

ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་བཞི་བའི་གླུ་དབྱངས་འགྲན་བསྡུར་བྱ་འགུལ་སྤེལ།
གར་སྟེགས་སུ་འཁྲབ་སྟོན་བྱེད་པ།

ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་བཞི་བའི་གླུ་དབྱངས་འགྲན་བསྡུར་བྱ་འགུལ་སྤེལ།
སློབ་མས་གླུ་གཞས་ཕུལ་བཞིན་པ།

        འདི་ནི་ལོ་རིམ་མམ་ཚན་ཁག་སོ་སོའི་གླུ་དབྱངས་འགྲན་སྡུར་གྱི་ལེགས་ཆ་སྙིང་བསྡུས་བྱས་པའི་འགྲན་རྩོད་ཀྱི་རྣམ་པ་ཛ་དྲག་ཅན་གྱི་བྱ་འགུལ་ཆེ་གྲས་ཤིག་ཡིན། དེ་ལས་ཀྱང་འདི་ནི་སློབ་གྲོགས་ཀུན་གྱིས་ཕན་ཚུན་མཉམ་མྱོང་བརྗེ་རེས་དང་སོ་སོའི་ནུས་པ་སྔོག་འདོན་གྱི་སྟེགས་བུ་ཞིག་ཡིན་ལས་ཆེ། ཐེངས་འདིའི་འགྲན་བསྡུར་ལ་རིམ་པ་གཉིས་སུ་བགོས་ནས། ཐོག་མའི་སྐྱ་འགྲན་གྱི་སློབ་བུ50ལྷག་གི་ཁྲོད་ནས། རེབ་འདིའི་རྟིང་རྩོད་འགྲན་སྡུར་ལ་སློབ་གྲོགས28ཞུགས་ཐུབ་པ་བྱུང་།  དཔྱད་འབྲས་ལ་འདྲ་མཉམ་དང་ཡང་དག སྤེལ་རིམ་ལ་ཞིབ་ཚགས་དམ་པོ་ཞིག་ཡོང་ཕྱིར་སྐལ་རྡོ་སོགས་དགེ་རྒན8ཀྱིས་དཔྱད་འཇོག་དང་སྡོམ་རྩིས་ལ་སྟ་གོན་ལེགས་པོ་བྱས། 

ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་བཞི་བའི་གླུ་དབྱངས་འགྲན་བསྡུར་བྱ་འགུལ་སྤེལ།
བྱ་དགའ་ཐོབ་པའི་སློབ་བུ་རྣམས།

         དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་དགེ་རྒན་སྟག་འབུམ་ཚེ་རིང་དང་ཀྲང་ཞའོ་ཅིན་གཉིས་ཀྱིས་མདོ་འཛིན་གྱི་སྣ་དྲངས་ནས་འགྲན་བསྡུར་གྱི་མགོ་དངོས་སུ་བརྩམས། སྐབས་རེར་སྙན་པའི་རམ་དཀྲོལ་དང་བསྡེབས་ནས་སྙན་པའི་གླུ་སྒྲ་དགུང་དུ་འཕྱོ་ཞིང་། སྐབས་རེར་ཉམས་འགྱུར་གར་གྱི་རམ་འདེགས་ཁྲོད་ན་ལང་ཚོའི་འབོད་པ་མཁའ་རུ་རྒྱུ། ལོ་རིམ་དང་པོ་ནས་དགུ་བའི་བར་གྱི་སློབ་བུ་དག་གིས་སྙིང་རྗེའི་ཉམས་འགྱུར་རེ་དང་སྤོབས་པའི་སྟངས་སྟབས་སྤེལ་མར་བཤམས་ཤིང་། དགེ་སློབ་ཀུན་གྱིས་སྤྲོ་བས་རབ་ཏུ་མྱོས་ནས་ཤུགས་རྒྱག་དང་སྐུལ་ལྕག་གི་ཐལ་མོ་ཤུགས་དྲག་རྡེབ་པ་རེད། 

  • ལེ་ཚན་སྔོན་མ།:《བོད་ཀྱི་གསོ་རིག་ཀུན་བཏུས》པར་བསྐྲུན་འགྲེམ་སྤེལ་གནང་བ།
  • ལེ་ཚན་རྗེས་མ།:ཐེན་ཅིན་གྱི་ཆེས་ཆེ་བའི་དྭངས་ཞུན་མིན་པའི་སྭེལ་རྒྱུ་ཆའི་དྲ་སྦྲེལ་གློག་འདོན་གྱི་རྣམ་གྲངས་འཁོར་སྐྱོན་བྱེ
  • དོ་སྣང་ཆེ་བའི་རྩོམ།