ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-12-19

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

  ཟླ12པའི་ཚེས15ཉིན་ནས་ཚེས16ཉིན་བར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལི་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡོན་ཧྲན། ཝང་ཆི་ཧྲན། ཀྲང་ཀོ་ལི་བཅས་གྲོས་ཚོགས་ལ་ཞུགས།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

  ཟླ12པའི་ཚེས15ཉིན་ནས་ཚེས16ཉིན་བར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པོ་ཡིས་གཏམ་བཤད་གནང་བཞིན་པ།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

  ཟླ12པའི་ཚེས15ཉིན་ནས་ཚེས16ཉིན་བར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཙུང་ལི་གཞོན་པ་ལི་ཁི་ཆང་གིས་སྤྱི་བསྡོམས་གཏམ་བཤད་སྤེལ་བཞིན་པ།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

  ཟླ12པའི་ཚེས15ཉིན་ནས་ཚེས16ཉིན་བར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། 2013ལོའི་དཔལ་འབྱོར་བྱ་བའི་ངེས་པར་དུ་སྒྲུབ་དགོས་པའི་བྱ་བ་དྲུག

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས15ཉིན་ནས་ཚེས16ཉིན་བར་པེ་ཅིན་ནས་བསྡུས།

  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལི་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡོན་ཧྲན། ཝང་ཆི་ཧྲན། ཀྲང་ཀོ་ལི་བཅས་གྲོས་ཚོགས་ལ་ཞུགས།

  ཞི་ཅིན་ཕེན་གྱིས་གྲོས་ཚོགས་སྟེང་གཏམ་བཤད་གལ་ཆེན་གནང་སྟེ་རྒྱལ་སྤྱི་དང་རྒྱལ་ནང་གི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་རེ་བ་དང་འོས་འགན་གཙོ་བོ་བཏོན། ཝུན་ཅ་པོ་ཡིས་གཏམ་བཤད་སྐབས་ད་ལོའི་དཔལ་འབྱོར་བྱ་བར་སྤྱི་བསྡོམས་བྱས་པ་དང་སང་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་མཛད། ལི་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གྲོས་ཚོགས་མཇུག་བསྡུ་སྐབས་སྤྱི་བསྡོམས་གཏམ་བཤད་སྤེལ།

  གྲོས་ཚོགས་ནས་བསྟན་དོན། ད་ལོའི་ཚུན་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་རྒྱལ་ནང་གི་གཏན་འཇགས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་འོས་འགན་གལ་ཆེན་ལ་ཁ་གཏད་འཇལ་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། ཚན་རིག་གི་འཕེལ་རྒྱས་ལྟ་བ་བརྗོད་དོན་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་ཐབས་བསྒྱུར་བ་གཙོ་བར་འཛིན་པ། དུས་ལྟར་ཆེ་ཕྱོགས་སྙོམས་སྒྲིག་ལེགས་བཅོས་བྱེད་པར་ཤུགས་བསྣན་ནས་གཏན་འཇགས་ཀྱིས་འཕར་སྣོན་འབྱུང་བ་གོ་གནས་གལ་ཆེན་ལ་བཞག་སྟེ། དཔལ་འབྱོར་སྤྱི་ཚོགས་གཏན་འཇགས་ཀྱིས་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་བཟང་བོ་མངོན་ཡོད་ཟེར།

  གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ད་ལྟ་ང་ཚོ་མགོ་རྩོམ་ས་སྔར་ལས་མཐོན་པོ་ཞིག་ཏུ་ལངས་ཡོད། ཕྱོགས་བསྡུས་ཀྱིས་བརྡར་ཤ་བཅད་ཚེ། རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་གོ་སྐབས་དཀོན་པོ་དང་མཐུན་རྐྱེན་བཟང་བོ་ལྡན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་ཆ་ཡུན་རིང་བོར་བཟང་ལ། རྒྱལ་ནང་ཁྲོམ་རའི་སྦས་ཤུགས་ཧ་ཅང་ཆེ་ཞིང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་རྨང་གཞི་ཧ་ཅང་མཐུག་པ་དང་། ཚན་རྩལ་གསར་སྐྲུན་གྱི་ནུས་པ་ཆེ་ལ། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཐོན་སྐྱེད་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་ཁྱད་སྟོབས་མངོན་གསལ་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་དང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་ཡིན། དེ་དང་མཉམ་དུ་རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་ཉེན་ཁ་དང་འགྲན་རྩོད་མི་ཉུང་བ་གནས་པ་དང་། དོ་མི་མཉམ་པ་དང་མཐུན་སྦྱོར་མིན་ལ། རྒྱུན་བསྲིང་མིན་པའི་གནད་དོན་སྔར་བཞིན་འབུར་དུ་ཐོན་ཞིང་། དཔལ་འབྱོར་འཕར་ཚད་ཇེ་དལ་དུ་འགྲོ་བའི་གནོན་ཤུགས་དང་ཐོན་སྐྱེད་ནུས་པ་ལྷག་ལུས་སུ་སོང་བའི་འགལ་བ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གྱི་མ་རྩ་ཇེ་མཐོར་འགྲོ་བ་དང་གསར་སྐྲུན་གྱི་ནུས་པ་མི་འདང་བའི་གནད་དོན་མཉམ་དུ་གནས་ཡོད། དངུལ་ལོར་ཁྱབ་ཁོངས་སུ་མི་མངོན་པའི་ཉེན་ཁ་གནས་ལ། དཔལ་འབྱོར་འཕེལ་རྒྱས་དང་ཐོན་ཁུངས་ཁོར་ཡུག་གི་འགལ་བ་སྔར་བཞིན་འབུར་དུ་ཐོན་ཡོད་པ་གསལ་བོར་ཤེས་དགོས། ངེས་པར་དུ་ཀླད་པ་གསལ་བོས་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་རྒྱབ་ཀྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ། བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་དགོས་ཟེར།

  གྲོས་ཚོགས་ནས་བལྟས་ན། སང་ལོའི་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་དང་འགྱུར་ལྡོག་ཆེ་ལ། འཛམ་གླིང་གི་དཔལ་འབྱོར་དལ་མོར་འཕར་བའི་གནས་བབ་སྔར་བཞིན་རྒྱུན་བསྲིངས་ཡོད་པ་དང་། སྲུང་སྐྱོབ་རིང་ལུགས་རྣམ་པ་སྣ་ཚོགས་མངོན་གསལ་དུ་འགྱུར་བཞིན་ཡོད་ཅིང་། དངུལ་ལོར་ཚད་མེད་དུ་འགྲེམས་པ་དང་རྒྱུ་ནོར་ སྦས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ལ། འཛམ་གླིང་གི་དཔལ་འབྱོར་ཉམས་ཉེན་སྔོན་གྱི་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་ནས་གཏིང་ཟབ་ཏུ་རྣམ་པ་འགྱུར་བའི་ལེགས་སྒྲིག་གི་དུས་སྐབས་སུ་སླེབ་ཡོད་པར་འདོད།

  གྲོས་ཚོགས་ནས་བསྟན་དོན། རྒྱལ་སྤྱིའི་ཁོར་ཡུག་ལ་བལྟས་ཚེ། རང་རྒྱལ་གྱི་འཕེལ་རྒྱས་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལ་འཕྲད་པའི་གཞི་རྩའི་གནས་ཚུལ་འགྱུར་མེད་པ་དང་མཉམ་དུ། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་གྱི་རྒྱལ་སྤྱིའི་ཁོར་ཡུག་ཐད་ཀྱི་ནང་དོན་དང་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། ང་ཚོ་འཕྲད་པའི་གོ་སྐབས་ནི་འཛམ་གླིང་གི་ལས་བགོས་མ་ལག་ཁྲོད་དུ་འཇོག་པ་དང་ཕྱིར་གཏོང་རྒྱ་བསྐྱེད་པ། དངུལ་གཏོང་ཇེ་མགྱོགས་སུ་གཏོང་བའི་སྲོལ་རྒྱུན་གྱི་གོ་སྐབས་རྐྱང་རྐྱང་མ་ཡིན་པར། ང་ཚོར་ནང་མཁོ་རྒྱ་བསྐྱེད་དུ་འཇུག་པ་དང་གསར་སྐྲུན་གྱི་ནུས་པ་ཇེ་ཆེར་གཏོང་དུ་འཇུག་པ། དཔལ་འབྱོར་འཕེལ་སྟངས་བསྒྱུར་བར་ཡར་སྐུལ་བྱེད་དུ་འཇུག་པ་བཅས་ཀྱི་གོ་སྐབས་གསར་བ་ཞིག་ཡིན་པས། བབ་བསྟུན་འབད་བརྩོན་བྱས་ཏེ་འབད་བརྩོན་ཆེན་པོས་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་དུ་རྒྱལ་ཁབ་ཀྱི་ཁེ་ཕན་སྔར་ལས་ཆེན་པོ་བསྙེག་དགོས་ཟེར།

  གྲོས་ཚོགས་ནས་བསྟན་དོན། སང་ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དངོས་འབེབ་བྱེད་པ་མགོ་རྩོམ་པའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་གཉིས་པ་སྔ་སྐྱོང་རྒྱུན་འཛིན་གྱི་ལོ་གལ་ཆེན་ཞིག་ཀྱང་ཡིན་པར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་སྲ་བརྟན་འགྱུར་མེད་ཀྱི་རྨང་གཞི་འདིང་བའི་ལོ་གལ་ཆེན་ཞིག་ཡིན། སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་ན་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དངོས་འབེབ་བྱེད་པ་དང་ཏིན་ཞའོ་ཕེན་གྱི་རིག་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཕར་སྣོན་གྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དཀྱིལ་སྙིང་དུ་འཛིན་དགོས་པར་མ་ཟད། བཅོས་བསྒྱུར་སྒོ་འབྱེད་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་པ་དང་དཔལ་འབྱོར་གྲུབ་ཚུལ་གྱི་འཐབ་ཇུས་རང་བཞིན་ལྡན་པའི་གྲུབ་ཚུལ་ཤུགས་ཚད་ཇེ་ཆེར་བཏང་སྟེ། མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་འགན་སྲུང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་བ། དངོས་གོང་གི་སྤྱིའི་ཆུ་ཚད་རྩ་བའི་སྟེང་ནས་གཏན་འཇགས་ཡོང་བ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་ནས་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་མངོན་འགྱུར་བྱེད་དགོས་ཟེར།

  གྲོས་ཚོགས་ནས་བལྟས་ན། སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་དགོས་ན། བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་བྱེད་ཐབས་མུ་མཐུད་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ལ་དམིགས་པ་དང་གནད་ཆེ་ས་འབུར་དུ་ཐོན་པར་བྱས་ནས། ནན་ནན་ཏིག་ཏིག་གིས་མགོ་བཟང་བོ་ཞིག་རྩོམ་དགོས་པར་འདོད།

  གྲོས་ཚོགས་ནས་སང་ལོའི་དཔལ་འབྱོར་བྱ་བའི་འོས་འགན་གཙོ་བོ་བཏོན་པ་སྟེ། གཅིག་ནས་ཆེ་ཕྱོགས་སྙོམས་སྒྲིག་ལེགས་བཅོས་བྱེད་པར་ཤུགས་བསྣན་ནས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གཉིས་ནས་ཞིང་ལས་རྨང་གཞི་ཇེ་བརྟན་དུ་བཏང་ནས་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས། གསུམ་ནས་ཐོན་ལས་གྲུབ་ཚུལ་གྱི་སྙོམས་སྒྲིག་ལ་ཤུགས་བསྣན་ནས་ཐོན་ལས་ཀྱི་སྤྱིའི་སྤུས་ཚད་ཇེ་མཐོར་གཏོང་དགོས། བཞི་ནས་མཁར་གྲོང་ཅན་གྱི་གཏན་འཇགས་འཕེལ་རྒྱས་ལ་ཤུགས་བསྣན་ནས་མཁར་གྲོང་ཅན་གྱི་སྤུས་ཚད་ཇེ་མཐོར་གཏོང་བར་ཤུགས་སྣོན་བྱེད་དགོས། ལྔ་ནས་དམངས་འཚོར་འགན་སྲུང་བྱེད་པར་ཤུགས་བསྣན་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། དྲུག་ནས་ཁྱོན་ཡོངས་ནས་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཁྱབ་རྒྱ་ཇེ་ཆེར་གཏོང་དགོས།

  ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་དགོས་ན། ངེས་པར་དུ་དཔལ་འབྱོར་གྲུབ་ཚལ་ལེགས་སྒྲིག་དང་དཔལ་འབྱོར་འཕར་སྟངས་སྒྱུར་ཚད་ཇེ་མགྱོགས་སུ་བཏང་ནས། དཔལ་འབྱོར་རྒྱུན་བསྲིང་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ནང་མཁོ་རྒྱ་བསྐྱེད་པའི་རྨང་གཞིའི་སྟེང་འཛུགས་དགོས། ངེས་པར་དུ་ཞིང་གསུམ་བྱ་དམ་འཛིན་ལྷོད་མེད་བྱེད་པ་དང་། མཁར་གྲོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ། ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ངེས་པར་དུ་རྒྱུན་འཁྱོངས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱབ་རྟེན་ནུས་པ་གཙོ་བོ་ཇེ་ཆེར་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁེ་ཕན་གོ་གནས་གཙོ་བོར་འཇོག་པ་ངེས་པར་དུ་རྒྱུན་འཁྱོངས་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་བ་སྔར་ལས་ལེགས་པོར་སྒྲུབ་ནས། སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་ཡིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མི་དམངས་ཡོངས་ལ་ཉམས་སུ་མྱོང་དུ་འཇུག་དགོས། ངེས་པར་དུ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ། ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བར་བར་ཆད་གཏོང་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་ལམ་ལུགས་ཀྱི་བར་ཆད་རྦད་ཆོད་ཀྱིས་སེལ་དགོས། སྔར་ལས་རང་རྟོག་གིས་སྒོ་འབྱེད་འཐབ་ཇུས་ངེས་པར་དུ་ལག་བསྟར་དང་། འགྲན་རྩོད་ཀྱི་ཁྱད་སྟོབས་གསར་བ་གསར་འཛུགས་བྱས་ཏེ། སྒོ་འབྱེད་པའི་དཔལ་འབྱོར་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས།

  ཚོགས་ཐོག་ནས་འཕེལ་རྒྱས་ཀྱི་གནས་བབ་དང་འགྱུར་ལྡོག་གསར་བར་གཙིགས་འཛིན་དང་རྗེས་སྙེག་དབྱེ་ཞིབ་བྱེད་པ་དང་། དཔལ་འབྱོར་འཕར་སྣོན་གྱི་སྤུས་ཚད་དང་ཕན་འབྲས་ལ་དེ་བས་དོ་སྣང་བྱས་ཏེ། ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་ལ་ཡང་དག་པར་གོ་བ་ལེན་པ་དང་དངོས་འབེབས་བཟང་བོ་བྱེད་པ། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་བསམ་པའི་ཁྲོད་དུ་འཕེལ་རྒྱས་ཀྱི་གནད་ས་འབུར་དུ་ཐོན་པར་བྱེད་པ་དང་། སྤྱོད་ཚུལ་ལེགས་པོར་བརྟེན་ནས་བྱ་བ་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱེད་དགོས། ལུགས་གསར་རྙིང་ལོ་སར་སྐབས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་པར་འབད་བརྩོན་བྱས་ཏེ། མང་ཚོགས་ཀྱི་དཀའ་ཁག་རིགས་སྣ་ཚོགས་ཐག་གཅོད་པར་ངེས་པ་དོན་གྱིས་རོགས་རམ་བྱེད་རྒྱུ་དང་། ད་ལོའི་དགུན་ཁ་དང་སང་ལོ་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་ལེགས་པོར་བསྒྲུབ་རྒྱུ་དང་། རྡོ་སོལ་དང་གློག སྣུམ། སོལ་རླངས་སོགས་ཀྱི་རྗེས་རྙེག་ལྟ་ཞིབ་དང་མཐུན་སྦྱོར་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབ་པ། ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བྱ་བ་བཟང་བོར་བསྒྲུབ་རྒྱུ་དང་། ལས་སྒོ་གཙོ་བོའི་བདེ་འཇགས་ལྟ་རྟོག་དང་དོ་དམ་ལ་ཤུགས་བསྣན་ནས། རྒྱལ་ཡོངས་མི་དམངས་ལ་དགའ་བདེས་ཁེངས་པའི་དུས་ཆེན་སྐྱིད་པོ་ཞིག་རོལ་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།

  ཚོགས་ཐོག་ནས་སང་ལོའི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་དགོས་ན། ཏང་གིས་དཔལ་འབྱོར་བྱ་བའི་མགོ་འདྲེན་པར་ངེས་པ་དོན་གྱིས་ཤུགས་སྣོན་དགོས། ཏང་གི་དཔལ་འབྱོར་བྱ་བའི་མགོ་ཁྲིད་པའི་འགན་ནུས་ལག་བསྟར་དང་། དོན་ཆེན་ལ་གྲོས་བསྡུར་དང་དོན་ཆེན་བསྒྲུབ་པར་བརྟེན་ནས། དཔལ་འབྱོར་བྱ་བར་སྣེ་འདྲེན་པའི་རྐང་འཛུགས་ས་དེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང་། དཔལ་འབྱོར་འཕལ་སྟངས་གསར་བ་མྱུར་དུ་ཆགས་པར་བྱེད་པའི་ཐད་བསྒྱུར་དགོས། མགོ་ཁྲིད་ལས་བྱེད་པའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དཔལ་འབྱོར་བྱ་བར་སྣེ་འདྲེན་པའི་ཚན་རིག་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་འགངས་ཆེན་ལ་དམིགས་ཏེ་སློབ་སྦྱོང་རྟོག་ཞིབ་བྱེད་པར་ཤུགས་བསྣན་ནས། ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་དང་རང་བྱུང་ཆོས་ཉིད། སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་ཁོང་དུ་ཆུད་པ་དང་དེ་བེད་སྤྱོད་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། ཚན་རིག་གི་ཇུས་ཆོད་དང་དམངས་གཙོའི་ཇུས་ཆོད་ནུས་པ་ཇེ་ཆེར་གཏོང་བ། འཛམ་གླིང་ཡོངས་ཀྱི་བསམ་གཞིགས་དང་འཐབ་ཇུས་ལ་བསམ་གཞིགས་གཏོང་བའི་ནུས་པ་ཇེ་ཆེར་གཏོང་དགོས། ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བར་ཕན་པའི་དམིགས་ཡུལ་མ་ལག་དང་དཔྱད་ཞིབ་བྱེད་ཐབས། བྱ་དགའ་སྟེར་བ་དང་ཆད་པ་གཅོད་པའི་ལམ་ལུགས་མྱུར་དུ་འཛུགས་དགོས། སྤྱོད་ཚུལ་ལེགས་སྒྱུར་དང་། དོན་དངོས་གཉེར་ནས། ཏང་དང་སྲིད་གཞུང་ལ་ཡིད་ཆེས་ཚད་ཇེ་ཆེར་གཏོང་དགོས། དོན་དངོས་གཉེར་ན་རྒྱལ་ཁམས་དར་བ་དང་། སྟོང་བཤད་བརྒྱབ་ན་རྒྱལ་ཁམས་ཕོངས་པས། སྐད་ཆ་ངོ་མ་བཤད་པ་དང་དོན་དག་ངོ་མ་སྒྲུབ་པ། བྱ་བ་སྒྲུབ་ཕོད་པ་དང་འགན་ལེན་ཕོད་པ། ཁ་བཤད་དོན་ལ་གནས་པ་དང་ལག་ལེན་ལ་གྲུབ་འབྲས་ལྡན་པར་བྱེད་པ་བཅས་བྱེད་དགོས། དཀའ་སྤྱད་འབད་འཐབ་དང་བརྩོན་བསྲི་གྲོན་ཆུང་གི་བསམ་བློ་བརྟན་པོར་བཅངས་ཏེ། དོན་དངོས་དང་གཞི་རིམ། མང་ཚོགས་བཅས་ལ་ཟབ་ཞུགས་བྱེད་དགོས་པ་དང་། རྒྱས་ཟ་རྒྱས་འཐུང་གི་སྤྱོད་ཚུལ་རིང་ནས་སྤོང་བ་དང་ཆུད་ཟོས་སུ་གཏོང་བར་ངོ་རྒོལ་མཐའ་འཁྱོལ་བྱས་ཏེ། བྱ་སྤྱོད་དངོས་ཀྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་འབེན་ལག་ལེན་དུ་བསྟར་དགོས་ཟེར།

  གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མི་གྲངས་གཞི་ཁྱོན་ཆེན་པོས་འཁོར་རྒྱུག་བྱེད་པ་དང་ཁེ་ཕན་སྣ་མང་དུ་འགྱུར་བ། སྤྱི་ཚོགས་ཆ་འཕྲིན་ཅན། བསམ་བློ་རིག་གནས་སྣ་མང་ཅན་བཅས་ཀྱི་གནས་བབ་འོག་གི་སྤྱི་ཚོགས་དོ་དམ་ཆོས་ཉིད་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ། བསམ་ཕྱོགས་རྒྱ་བསྐྱེད་པ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ། རྩ་བ་ནས་བཅོས་སྐྱོང་བྱེད་པར་གཙིགས་འཛིན་བྱེད་པ། བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་པ། ཁྲིམས་ལྟར་དོན་དག་སྒྲུབ་པ་དང་ཁྲིམས་ལྟར་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་དོ་དམ་གྱི་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་ལ་ཡར་སྐུལ་བྱེད་དགོས་ཟེར།

  གྲོས་ཚོགས་ནས་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་གནས་བབ་དང་ལས་འགན་ལྗིད་མོའི་མདུན་དུ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། གསར་གཏོད་གསར་སྐྲུན་དང་དཀའ་ངལ་ཁྱད་དུ་བསལ་ནས་སང་ལོའི་དཔལ་འབྱོར་བྱ་བ་ནན་ནན་ཏིག་ཏིག་གིས་བཟང་བོར་སྒྲུབ་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁབ་གསར་བ་ལེན་པར་བརྩོན་ལེན་བྱེད་དགོས་པའི་རེ་བ་བཏོན།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་ཨུ་ཡོན། མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ་སོགས་གྲོས་ཚོགས་ལ་ཞུགས།

  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཏང་སྲིད་འགན་འཁུར་པ་གཙོ་བོ་དང་། ཏང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་པུའུ་ཨུ་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་པ་གཙོ་བོ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཁ་ཤས་དང་དངུལ་ལོར་ལས་ཁུངས་ཀྱི་འགན་འཁུར་པ། དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་པུང་གི་འབྲེལ་ཡོད་འགན་འཁུར་པ་བཅས་གྲོས་ཚོགས་ལ་ཞུགས།  །

  • ལེ་ཚན་སྔོན་མ།:བོད་ཀྱི་ཟློས་གར་ཀྲུང་གོའི་ཟློས་གར་སློབ་གླིང་གི་སློབ་ཡོན་མི་དགོས་པའི་དངོས་ཚན་སློབ་ཁྲིད་ཀྱི་འཆར་གཞི་ནང
  • ལེ་ཚན་རྗེས་མ།:གཞི་རིམ་དུ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པའི་མཐོང་འབྲས་དོན་ལྡན་མ།
  • དོ་སྣང་ཆེ་བའི་རྩོམ།