ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-11-28
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་ཀྱི་ཅུད་ཀྲང་ལིའུ་ཕེང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་ན་ངེས་པར་དུ་བསྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས་བྱེད་དགོས། དེ་ཡང་ཕྱོགས་གཅིག་ནས་གོང་འཕེལ་ལྟ་བར་སྔར་བས་འགྱུར་ལྡོག་གཏོང་དགོས་པ་དང་མང་ཚོགས་ཀྱི་ལུས་རྩལ་གོང་འཕེལ་མགྱོགས་སུ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་གོའི་ལུས་རྩལ་གྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། རྩལ་འགྲན་ལུས་རྩལ་གྱི་རྒྱལ་ཡོངས་སྒྲིག་སྲོལ་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་དུས་མཚུངས་སུ། བློ་བརྟན་འགྱུར་མེད་སྒོ་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཤིང་ཕྱོགས་ཁག་གི་འབད་བརྩོན་བྱས་པ་བརྒྱུད་དེ་ལུས་རྩལ་གོང་འཕེལ་གང་མགྱོགས་གཏོང་རྒྱུ་དེ་རགས་རྩིས་ཅན་ནས་ཞིབ་ལས་ཅན་ལ་བསྒྱུར་བ་བྱེད་དགོས་པ་དང་། ལུས་རྩལ་དོ་དམ་དེ་ཉམས་མྱོང་ཅན་ནས་ཚན་རིག་ཅན་དུ་འགྱུར་བ་གཏོང་དགོས་ཞེས་དང་།
ལིའུ་ཕེང་གིས་འབྱུང་འགྱུར་གཤམ་གསལ་གྱི་ཕྱོགས་འགའ་ཤས་ཐད་ཀྱི་ལས་དོན་གཙོ་གནད་དུ་དམ་འཛིན་བྱེད་དགོས་ཏེ། དེ་ཡང་གཅིག་ནས་འབད་བརྩོན་ཆེན་པོས་དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ཀྲུང་གོའི་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་དགོས་པ། གསུམ་ནས་ལུས་རྩལ་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་ནས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་འགྲོ་བར་ཞབས་འདེགས་ཞུ་དགོས་པ། བཞི་ནས་མུ་མཐུད་དུ་བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་ལུས་རྩལ་གོང་འཕེལ་གཏོང་བའི་ནང་གི་དཀའ་གནད་སེལ་དགོས་པ་བཅས་ཡིན་ཞེས་གསུང་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10