བོད་ཀྱི་དད་ལྡན་མང་ཚོགས་རྣམས་ལྷ་བབས་དུས་ཆེན་ལ་རོལ་བ།

    མཚོ་སྔོན་པོ་དྲ་བ།    2012-11-14

བོད་ཀྱི་དད་ལྡན་མང་ཚོགས་རྣམས་ལྷ་བབས་དུས་ཆེན་ལ་རོལ་བ།
བོད་ཀྱི་དད་ལྡན་མང་ཚོགས་རྣམས་ལྷ་བབས་དུས་ཆེན་ལ་རོལ་བ། 

         ཟླ11པའི་ཚེས6ཉིན་ཏེ་བོད་ལུགས་ཀྱི་ཟླ9བའི་ཚེས22ཉིན་ནི་ལྷ་བབས་དུས་ཆེན་ཡིན་ལ། བོད་འབངས་དད་ལྡན་མང་ཚོགས་ཀྱིས་བསང་མཆོད་དང་། མཆོད་མར། ལྷ་ཆོས་སོགས་བསྙེན་བཀུར་སྣ་ཚོགས་མཛད་དེ་ལྷ་བབས་དུས་ཆེན་ལ་རོལ་བཞིན་ཡོད། 
         དེ་ཡང་སྟོན་པ་ཤཱཀྱ་ཐུབ་པའི་ཡུམ་སྐུ་གཤེགས་ནས་ལྷ་ཡུལ་དུ་འཁྲུངས་ཡོད་པས་ཡུམ་དང་ལྷ་རྣམས་ལ་ཆོས་གསུང་ཆེད་སྟོན་པ་ལྷ་ཡུལ་དུ་ཕེབས་ནས། བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་འཛམ་བུའི་གླིང་དུ་བབས་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་པར་བརྟེན་དེའི་ཉིན་རྣམ་དཀར་དགེ་བའི་ལས་བརྩོན་པའི་དད་ལྡན་སེར་སྐྱ་རྣམས་ཀྱིས་ལྷ་ལྡན་གཙུག་ལག་ཁང་དང་། ར་མོ་ཆེ། རྩེ་འཕགས་མཆོག་ལོ་ཀེ་ཤ་ར་བཅས་ཀྱི་སྤྱན་སྔར་མཆོད་འབུལ་རྒྱ་ཆེ་དང་གསོལ་ལྷུང་བརྗེ་བ། སྙན་ཤལ་འབུལ་བ། འབྱོར་པ་དང་ལྡན་པ་ཚོས་རྒྱུད་གྲྭ་སྟོད་སྨད་དང་། སེ་འབྲས་དགའ་གསུམ་སོགས་དགོན་ཁག་ལ་བསྙེན་བཀུར་མང་འགྱེད་འབུལ་ཞིང་། གཞན་ཡང་རང་རང་འཁོས་འབྱོར་གཏོང་ཕོད་ལ་གཞིགས་པའི་མཆོད་འབུལ་བསྙེན་བཀུར། ངན་སློང་ལ་སྦྱིན་གཏོང་། ལྷག་པར་དུ་ཡིན་གཅིག་མིན་གཅིག་མཆོད་མཇལ་དུ་བསྐྱོད་པ་སོགས་ཉིན་རྒྱུན་གཏན་དང་མི་འདྲ་བར་རྣམ་དཀར་དགེ་བའི་ཚོགས་རླབས་པོ་ཆེ་གསོག་པའི་དོན་དུ་འབད་བརྩོན་ཆེན་པོ་བྱེད་པ་དེའང་ཐུན་མོང་མ་ཡིན་པའི་བོད་མི་རིགས་ཀྱི་གོམས་སྲོལ་ཞིག་ཏུ་གྱུར་ཡོད།

  • ལེ་ཚན་སྔོན་མ།:མེ་ཏོག་རྫོང་གི་གནས་སྐོར་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།
  • ལེ་ཚན་རྗེས་མ།:སྐུ་ཞབས་སུང་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཞེ་དྲུག་འཁོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་པེ་ཅིན་
  • དོ་སྣང་ཆེ་བའི་རྩོམ།