ཞི་ཅིན་ཕིང་གིས་གསོལ་སྟོན་འཚོགས་ཏེ་ཨ་རིའི་ཙུང་ཐུང་ཨའོ་པ་མར་དགའ་བསུ་ཞུས།

གངས་སྐྱིད་ཀྱིས་བསྒྱུར།        2014-11-17

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ11པའི་ཚེས12ཉིན་འབྱོར་བའི་གཏམ་གསར།   ཚེས12ཉིན་རྒྱལ་ཁབ་ཀྲུང་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་གསོལ་སྟོན་འཚོགས་ཏེ་ཨ་རིའི་ཙུང་ཐུང་ཨའོ་པ་མ་ཀྲུང་གོར་རྒྱལ་དོན་གྱི་འཚམས་འདྲི་ཡོང་བར་དགའ་བསུ་ཞུས།ཡུས་ཀྲེང་ཧྲེང་དང་།  ལིའུ་ཡུན་ཧྲན།  ཝང་ཆི་ཧྲན།  ཀྲང་ཀའོ་ལི་བཅས་གསོལ་སྟོན་གྱི་ཚོགས་འདུར་ཞུགས།
རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་གསོལ་སྟོན་གྱི་ཐོག་ཤིས་ཚིག་གནང་།
ཞི་ཅིན་ཕིང་གིས་བསྟན་དོན།35ཡི་སྔོན་དུ་ཀྲུང་གོ་དང་ཨ་རིའི་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་འགྲོ་འོང་བྱེད་པའི་དུས་རབས་གསར་པའི་འགོ་ཕྱེས་ཡོད།  དེ་རིང་།  ཀྲུང་གོ་དང་ཨ་རིའི་བར་གྱི་རྣམ་པ་གསར་པའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་བཙུགས་པར་གོང་འཕེལ་ཆེན་པོ་ཕྱིན་ཞིང་།   རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཡོད།   ཀྲུང་གོའི་གནའ་མིས་ལེ་དབར་ཁྲི་ཕྲག་སྐྱོད་པའི་ཕུགས་བསམ་ཅན།  ལས་དོན་མི་འགྲུབ་བར་དུ་འཚམས་མི་འཇོག་ཅེས་པའི་བཤད་སྲོལ་ལྟར།   ང་ཚོ་ཕྱོགས་གཉིས་ཀས་ཚད་མཐོན་པོའི་ཐོག་ལངས་དགོས་པ་དང་ཕུགས་རིང་ལ་འདིང་རྒྱབ་དགོས་ཤིང་།  ལྷོད་གཡེང་མི་བྱེད་པ་དང་དཀའ་ངལ་ཡོད་ཚད་བསལ་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་བརྟན་པོར་བསྐྱོད་པ་དང་།  དངོས་གནས་དྲང་གནས་ཀྱིས་བསྐྱོད་པ།  ཡུན་རིང་དུ་བསྐྱོད་ཐུབ་པར་སྐུལ་འདེད་གཏང་དགོས།  
    ཨའོ་པ་མས་བཤད་དོན།  ལོ35ཡི་སྔོན་དུ་ཨ་རི་དང་ཀྲུང་གོ་བར་གྱི་འབྲེལ་བ་མེད་པ་ནས་ཡོད་པ་བྱུང་བ་དང་།  ཡོད་པ་ནས་ཇེ་མང་ཕྱིན་པ་སྟེ་སྤྱིར་བཏང་མིན་པའི་ལམ་བུ་ཞིག་བརྒྱུད་ཡོད།   རྒྱལ་ཁབ་གཉིས་ནི་འབྲེལ་བ་དམ་ཟབ་དང་གལ་ཆེའི་མཉམ་ལས་སྤུན་ཟླར་གྱུར་ཡོད།   མི་ལ་བརྩོན་འགྲུས་ལྡན་གྱུར་ན།  འཇིག་རྟེན་འདི་ལ་དཀའ་བ་མེད་ཅེས་པ་བཞིན།  ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨ་རི་དང་ཀྲུང་གོའི་བར་གྱི་རྣམ་པ་གསར་པའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་རྒྱུ་ཡིན།
  • ལེ་ཚན་སྔོན་མ།:ད་ལོར་ལྷ་ས་གྲོང་ཁྱེར་གྱིས་སྤྱིལ་ཁྱིམ་ཁུལ་གྱི་ཁྱིམ་ཚང1394བསྒྱུར་བཀོད་བྱས།
  • ལེ་ཚན་རྗེས་མ།:རྔ་བ་ཁུལ་གྱི་ཡུལ་ཚོ16ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་རུ་བདམས་པ།
  • དོ་སྣང་ཆེ་བའི་རྩོམ།